R368: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཁྱབ་བདག་འཁོར་ལོའི་མགོན་པོ་རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡བ
[A:༡བ] རྒྱ་གར་སྐད་དུ། ས་དེ་བཛྲ་གརྣཱ་ཐ་ཤ་ར་ཎཾ་སད་ཛི་ནཿ བཛྲ་དྷ་ར་མཧཱ་བུདྡྷ་དྷྭ་ཛ་པཱ་ད་མ་མི་དེ་ཧེ་ཝཱནྨ་ཏི་བྷིཀྟ་བནྡ་ཀྲཾ་ཏཾ། བོད་སྐད་དུ། ལྷ་དང་བཅས་པའི་འགྲོ་བའི་མགོན་སྐྱབས་དམ་པ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་སངས་རྒྱས་རྒྱལ་མཚན་ཞབས་ལ་བདག་ལུས་ངག་ཡིད་གསུམ་གུས་པས་འདུད་པར་བགྱིའོ། །འཁོར་འདས་བརྟན་གཡོའི་བདག་པོ་རྡོ་རྗེ་འཆང་། །གཞན་ངོར་ངུར་སྨྲིག་འཛིན་པའི་སྐུར་སྤྲུལ་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་བའི། །རྗེ་བཙུན་མུས་པ་ཆེན་པོས་རྟག་སྐྱོངས་ཤིག །ཅེས་པའི་བསྟོད་ཡུལ་དམ་པར་གྱུར་པ་བདག་ཅག་རྣམས་ཀྱི་འདྲེན་པ་དམ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། དུས་གསུམ་གྱི་སངས་རྒྱས། སྲིད་པ་གསུམ་གྱི་བླ་མ། སྐུ་གསུམ་གྱི་བདག་ཉིད། དཀོན་མཆོག་གསུམ་གྱི་ངོ་བོ། འཇིག་རྟེན་གསུམ་གྱི་མིག་གཅིག་པུ། ལྷ་དང་བཅས་