R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༧༦
[A:༤༧༦]༄༅༅། །ཨོཾ་སྭ་སྟི་སིདྡྷཾ། རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ། ཀུན་ཁྱབ་ཟབ་གསལ་གཉིས་མེད་ཆོས་ཀྱི་སྐུ། །དགའ་ཆེན་ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས། །བཟང་པོའི་ཕྲིན་ལས་བསམ་ཡས་སྤྲུལ་པའི་སྐུ། །ཁྱབ་བདག་རྡོ་རྗེ་འཆང་ལ་ཕྱག་བགྱིའོ། །གང་དེའི་རྣམ་ཐར་སོ་སྐྱེའི་ཡུལ་མིན་ཡང༌། །རང་དང་སྐལ་མཉམ་དད་པའི་ས་བོན་དུ། །སྐྱེས་ཆེན་བླ་མ་རྣམས་ཀྱི་གསུང་རབ་བཞིན། །ཅི་ནུས་དབྱེ་ལ་གེགས་མེད་གནང་བ་སྩོལ། །ཞེས་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅས་ནས། འདིར་རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཞེས་སྙན་པའི་བ་དན་སྲིད་པ་གསུམ་ན་གཡོ་བའི་རྟོགས་པ་བརྗོད་པ་