R370: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རྗེ་ཐར་རྩེ་ནས་ནམ་མཁའ་དཔལ་བཟང་པོས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༥བ
[A:༥བ]ན་མི་ཏྲ། པཎྜི་ཏ་རིན་ཆེན་བཟང་པོ། ཤར་ཕྱོགས་པ་ཟླ་བ་བཟང་པོ། བསྟན་སྐྱོང་འབུམ་ཕྲག་གསུམ་པ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། འདྲེ་ཆེན་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། འདུལ་འཛིན་དཀར་མོ། དཀར་ཆུང་རིང་མོ། ཞང་ཡེ་པ། གཉལ་ཞིག་འཇམ་པའི་རྡོ་རྗེ། ཟད་རིང་དར་མ་ཚུལ་ཁྲིམས། བོ་དོང་བ་བརྩོན་འགྲུས་རྡོ་རྗེ། ཁྲོ་ཕུ། སེམས་དཔའ་ཆེན་པོ་བསོད་ནམས་སེང་གེ ལྷོ་པ་གྲུབ་པ་སེང་གེ ཁྲོ་ཕུ་ཚད་མའི་སྐྱེས་བུ་བསོད་ནམས་མགོན། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། དེ་ལ་ཐུགས་སྲས་ལོ་ཙཱ་བ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་དང་། མཁས་པ་ལུང་མང་པ་དང་། དྷརྨཱ་ཤྲཱི་གཉིས་ཀྱིས་གསན། དེ་གཉིས་ཀ་ལ་མི་ཕམ་གཡག་གི་མཚན་ཅན་སངས་རྒྱས་དཔལ་གྱིས་གསན། དེ་ནས་རོང་སྟོན་ཆེན་པོ་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོ། བྱམས་མགོན་གཉིས་པ་དོན་ཡོད་དཔལ་བཟང་པོ། ཡོངས་རྫོགས་གནས་ལྔ་མཁྱེན་པའི་པཎྜི་ཏ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས། ལས་ཆེན་ཡེ་ཤེས་ལྷུན་གྲུབ། འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག ཆོས་རྗེ་ཀུན་དགའ་མཆོག་ལྡན། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན། རྗེ་ཐར་རྩེ་བའི་རྗེས་སུ། རྗེ་ནམ་མཁའ་སངས་རྒྱས། ཀུ་ས་ལི་པ་པཎྜཻ་པ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །འདིར་སྨྲས་པ། ཛི་ན་སྱ་བི་ཧ་ར་བ་ལོ་ཀི་ཏ་ཛྙཱ་ནི་ཀ་རུ་ཎ་དྷེཾ།
རྒྱལ་བའི་གཙུག་ལག་ཀུན་གཟིགས་མཁྱེན་བརྩེའི་གཏེར།
།བི་ཤུདྡྷ་ཤི་ལ་ཀཱ་ཥ་ཡ་མཾ་ལཾ་ཀ་ར་ཤོ་དྷ་ན།
རྣམ་དག་ཚུལ་ཁྲིམས་ངུར་སྨྲིག་རྒྱན་