R370: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རྗེ་ཐར་རྩེ་ནས་ནམ་མཁའ་དཔལ་བཟང་པོས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༦ན
[A:༦ན]གྱིས་མཛེས།
།ཨ་བྷཏྟ་ཨ་ཙྪིནྟ་ཀརྨ་ཝ་ཏི།
རྨད་བྱུང་རྒྱུན་མི་ཆད་པའི་འཕྲིན་ལས་ཅན།
།བཛྲ་དྷ་ར་ཙུ་ཌ་ལཾ་ཀ་ར་ན་མ།
རྡོ་རྗེ་འཛིན་པའི་གཙུག་རྒྱན་དེ་ལ་འདུད།
།འདྲེན་མཆོག་བཟང་པོའི་ཞབས་ལ་བྱིས་པའི་དུས། །དབང་སོགས་དམ་ཆོས་སྒོ་སྐལ་ཅུང་ཟད་མནོས། །མང་པོའི་གསུང་གི་བདུད་རྩི་མ་ཐོབ་པའི། །སྐལ་དམན་བདག་ལ་ཐུགས་རྗེས་བསྐྱབ་ཏུ་གསོལ། །ནམ་མཁའ་ལྟ་བུའི་གསན་པ་མཐའ་ཡས་ཀྱི། །དཔལ་ལྡན་བླ་མ་རྣམས་ཀྱི་འཕྲིན་ལས་རྒྱུན། །བཟང་པོར་མཛད་པའི་སྐྱེས་ཆེན་ཁྱེད་ལྟ་བུའི། །ཟབ་རྒྱས་ཆོས་ཀྱི་རྒྱ་མཚོར་བདག་གྱུར་ཅིག །ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོས་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་ལས། འདྲེན་མཆོག་ནམ་མཁའ་དཔལ་བཟང་པོའི་ཞལ་སྔ་ནས་རྗེས་སུ་བཟུང་བའི་སྐབས་ཏེ་བཞི་པའོ།། །།མངྒ་ལཾ།། ༈ མཁན་ཆེན་ཨ་པད་རིན་པོ་ཆེའི་དགོངས་བཞེད་ལྟར་གུ་རུས་ཞབས་ཞུ་བགྱིས་པའོ།།