R372: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ འཁོན་སྟོན་འཇམ་པའི་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༦བ
[A:༦བ]སྤངས་ཆོས་ཀྱི་རིན་ཆེན། དབུ་མ་པ་དཔལ་ལྡན་རིན་ཆེན། བྱང་སེམས་བསོད་ནམས་རིན་ཆེན། བྲག་དཀར་བ་སེམས་དཔའ་ཆེན་པོ་བསོད་ནམས་རྒྱལ་མཚན། རྗེ་བློ་གསལ་རྒྱ་མཚོ། ཆོས་རྗེ་ནམ་མཁའ་དཔལ་བཟང་། འཇམ་པའི་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་མཉམ་མེད་སངས་རྒྱས་རས་ཆེན། རྒྱལ་སྲས་སྟག་ཚངས་པ། འགྲོ་མགོན་སངས་རྒྱས་ཕྱར་ཆེན། འཇམ་དབྱངས་རིན་ཆེན་འབྱུང་གནས། དྲིན་ཆེན་མཁས་བཙུན་སངས་རྒྱས། ཀུན་མཁྱེན་སཾ་ག་བྷ་དྲ། རྒྱུད་འཛིན་སངས་རྒྱས་བཟང་པོ། དབུ་མ་པ་མན་གོང་དང་འདྲ། ཆོས་སྐྱོང་ཆེན་པོ་ཏྲཀྴད་དང་། མགོན་པོ་སྟག་བཞོན་གྱི་གཏོར་ཆོག རྗེས་གནང་གི་ཡི་གེ་རྗེ་ཐར་རྩེ་པ་ནམ་མཁའ་དཔལ་བཟང་བས་མཛད་པའི་ལུང་ཡང་ཐོས། ༈ །ཡང་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ། ཀུན་མཁྱེན་ཆེན་པོས་མཛད་པའི་སྤྱི་དོན་རྟ་བདུན་གྱི་རྒྱལ་པོ་སྡོམ་གསུམ་ཉམས་ལེན་གསལ་བ་ཞེས་བྱ་བ་དང་། ཊིཀྐ་རྒྱལ་བའི་གསུང་རབ་ཀྱི་དགོངས་གསལ་གཉིས་ཀྱི་སྟེང་ནས་བཤད་ལུང་ཞིབ་ཏུ་ཐོབ་པའི་བརྒྱུད་པ་ནི། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་བློ་གྲོས་རྒྱལ་མཚན། ཆོས་རྗེ་བྲོ་ལུང་པ། མཁས་པ་དཀོན་མཆོག་གྲགས། གཡག་མི་ཕམ་ཆོས་ཀྱི་བླ་མ། ངོར་ཆེན་ཀུན་དགའ་བཟང་པོ། ཆོས་རྗེ་གཞོན་ནུ་སེང་གེ མུས་ཆེན་དཀོན་མཆོག་རྒྱལ་མཚན། གུང་རུ་ཤེས་རབ་བཟང་པོ། ཀུན་མཁྱེན་བསོད་