R372: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ འཁོན་སྟོན་འཇམ་པའི་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༧ན
[A:༧ན]ནམས་སེང་གེ འདྲེན་མཆོག་དཀོན་མཆོག་འཕེལ། རྒྱལ་བ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ ཆོས་རྗེ་ཀུན་དགའ་མཆོག་ལྡན། འདྲེན་མཆོག་ནམ་མཁའ་དཔལ་བཟང་། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཀྱི་རྗེས་སུ། རྗེ་དྷརྨ་པ། རྗེ་མ་ཧོ་པ་དྷྱ་ཡ། དེས་བདག་ལའོ། །བརྒྱུད་རིམ་འདི་ནི་ཆོས་རྗེ་ས་པཎ་ནས་ད་ལྟའི་བར་གྱི་སྡོམ་གསུམ་རབ་དབྱེའི་བཤད་རྒྱུན་བར་མ་ཆད་པའི་བརྒྱུད་པ་ཡིན་ཏེ། འདིའི་ཚུལ། མཁས་མཆོག་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་སྡོམ་གསུམ་རབ་དབྱེའི་བཤད་རྒྱུན་གྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་ལམ་རིམ་དང་སྨོན་ལམ་བཅས་པ་དངོས་གྲུབ་ཀྱི་ཕོ་ཉ་ཞེས་བྱ་བ་ལས་འབྱུང་བ་བཞིན་བཀོད་པ་ཡིན་པས། ས་སྐྱ་པའི་བསྟན་འཛིན་དཔྱོད་ལྡན་གཟུར་གནས་རྣམས་ཀྱིས་སྙིང་ལ་བཅང་བར་གཅེས་སོ། །འདིར་སྨྲས་པ། ཨཱ་ནནྡ་སྱ་པུ་ཎྱ་ཛྙཱ་སམྦྷོ་ག་དེ།
ཀུན་དགའི་བསོད་ནམས་ཡེ་ཤེས་ལྷུན་གྲུབ་སྐུ། །
སུ་རུ་ཙི་ར་ཧ་སུ་བྷཱ་ཥ་སསྟཱ་ཀ་ར།
རབ་མཛེས་ངུར་སྨྲིག་རྒྱལ་མཚན་འཛིན་པའི་དཔལ། །
བྷ་བ་ཤཱནྟ་ཤྲེ་ཡ་གུ་ཎ་རཏྣ་ནི་དྷེ།
སྲིད་ཞིའི་དགེ་ལེགས་ཡོན་ཏན་རིན་ཆེན་གཏེར། །
མཉྫུ་གྷོ་ཥ་གུ་དྱ་པཱ་ད་སྱ་པདྨེ་ན་མཿ
འཇམ་དབྱངས་བླ་མའི་ཞབས་ཀྱི་པདྨར་འདུད། །
གང་སྐུ་ངུར་སྨྲིག་རྒྱལ་མཚན་གྱིས་མཛེས་ཤིང་། །གང་གསུང་གཞན་སྐྱོན་བརྗོད་པའི་དྲི་མས་དབེན། །གང་ཐུགས་ཞེ་སྡང་ཁོང་ཁྲོས་མ་གོས་པའི། །གང་གི་ཡོན་ཏན་དྲན་པས་ལྷག་པར་དད། །བདག་ཀྱང་དམ་པ་ཁྱེད་བཞིན་སྐུ་ཚེ་
བདུན་བཅུ་རྩ་གཉིས་བཞུགས་པ་
དང་། །མཛད་