R376: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་སྡོམ་བརྩོན་དམ་པ་སྦྱིན་པ་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༢བ
[A:༡༢བ]ཕྱིན་སྟོང་ཕྲག་ཉི་ཤུ་ལྔ་པའི་མཚོན་བྱེད། ཕུན་ཚོགས་བསམ་གཏན་གླིང་པའི་གསེར་ཁང་དཀར་ཆག བླ་མ་སྐྱེ་རྩ་པས་ས་སྐྱ་བཀའ་འབུམ་བཞེངས་པའི་མཚོན་བྱེད། ཡང་ལམ་འབྲས་བླ་བརྒྱུད། སྤྲོས་མེད་བླ་བརྒྱུད། ལམ་ཟབ་བླ་བརྒྱུད་རྣམས་ཀྱི་མཚོན་བྱེད། སངས་རྒྱས་སྐྱབས་པའི་མདོ་མང་དཀར་ཆག ནང་སོ་དཔལ་བསྲུང་གི་བརྒྱད་རྟོག་གསེར་གསུམ་གྱི་མཚོན་བྱེད། ལོ་གསར་པའི་དུས་སུ་ཕུལ་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། མཁར་སྤེ་རབ་འབྱམས་པ་བློ་གྲོས་རབ་གསལ་གྱི་དྲིས་ལན། བདག་ཆེན་ཆོས་རྗེའི་དྲིས་ལན། དཔྱལ་པའི་ཕག་མོ་སྐོར་གསུམ་གྱི་བྱིན་རླབས་མཚན་བརྗོད་འདོན་ཐབས། རིགས་གསུམ་སྤྱི་ཡི་དབང་གི་ཐོ། རྣལ་འབྱོར་མ་ཡི་བྱིན་རླབས་ཀྱི་ཐོ། བདག་ཆེན་ངག་པའི་བསྙེན་པའི་ཞུས་ལན། ཀུན་རིག་གི་བསྙེན་པ་བྱེད་ཚུལ། དེར་མ་ཐུས་པ་ལ་བརྒལ་ལན་ཚིག་དོན་མུན་སེལ། བསྟན་བཅོས་སྡོམ་གསུམ་རབ་དབྱེའི་དྲིས་ལན་ལུང་གི་ཚད་མ། མཁས་པ་རྣམས་འཇུག་པའི་སྒོའི་རྣམ་པར་བཤད་པ་རིག་གནས་གསལ་བྱེད། བླ་མ་དམར་ཆོས་ཀྱི་རྒྱལ་པོའི་རྣམ་ཐར། གྲུབ་སྟོན་ཡོན་ཏན་དཔལ་དང་། ལ་རུ་བ་བསོད་ནམས་སེང་གེའི་རྣམ་ཐར་སོགས་བཀའ་འབུམ་དཀར་ཆག་ནང་བཞིན་ཐོབ་པའི་བརྒྱུད་པ་ནི། མཁན་ཆེན་བསོད་ནམས་ལྷུན་གྲུབ། ཆོས་རྗེ་བློ་གྲོས་བཟང་པོ། རྗེ་ཀུན་དགའ་ལུང་རིགས། སྡོམ་བརྩོན་དམ་པ་སྦྱིན་པ་གྲགས་པ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ཆོས་རྗེ་བློ་གྲོས་བཟང་པོ། རྗེ་ཐར་རྩེ་པ་ནམ་མཁའ་དཔལ་བཟང་། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། རྗེ་