R376: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་སྡོམ་བརྩོན་དམ་པ་སྦྱིན་པ་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༣ན
[A:༡༣ན]ནམ་མཁའ་སངས་རྒྱས། རྗེ་དྷརྨཱ་བ། མ་ཧོ་པདྷྱ་ཡ། དེས་བདག་ལའོ། ༈ །བུ་སྟོན་རིན་པོ་ཆེས་མཛད་པའི་བསྟན་པ་སྤྱིའི་ཆོས་འབྱུང་ཆེན་མོ། རང་གི་སློབ་མ་ལ་གདམས་པའི་བུ་སྟོན་སྙིང་ཐུར། རྒྱུད་སྡེ་སྤྱི་རྣམ་ཆེན་མོ་རྣམས་ཐོབ་པའི་བརྒྱུད་པ་ནི། བུ་སྟོན་རིན་པོ་ཆེ། ཐུགས་སྲས་ལོ་ཙཱ་བ། བླ་མ་ཆོས་དཔལ། མཁས་པ་ཙནྡྲ་པ། རྗེ་ཚུལ་ཁྲིམས་རྒྱལ་མཚན། སྐུ་ཞང་མཁྱེན་རབ་རྗེ། ཆོས་རྗེ་རིན་ཆེན་རྒྱལ་པོ། བླ་མ་དོན་གྲུབ་རྒྱལ་མཚན། རྗེ་བྱང་གླིང་པ། རྗེ་ཀུན་དགའ་ལུང་རིགས། སྡོམ་བརྩོན་དམ་པ་སྦྱིན་པ་གྲགས་པ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་རྗེ་བྱང་གླིང་པའི་རྗེས་སུ། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། རྗེ་ནམ་མཁའ་སངས་རྒྱས། བིཀྵུ་པཎྜཻ་པ་དྷརྨཱ་སྭ་མི་ལས་ཀྱང་ཞིབ་ཏུ་མནོས་སོ། །འདིར་སྨྲས་པ། སརྡྷ་ཤྭ་ར་དཱ་ན་ཀིརྟི་ཡ་ན་མ།
གྲུབ་པའི་དབང་ཕྱུག་སྦྱིན་པ་གྲགས་ལ་འདུད།
།ཨ་ཧཾ་ཏེ་པྲ་པཱ་དོ་ད་དྷ།
བདག་ཀྱང་ཁྱེད་ཀྱི་བཀའ་དྲིན་ཆུ་གཏེར་ལས།
།རྻུ་བ་ནཱརྫ་ས་དཱ་ཛ་ར།
ལང་ཚོའི་འདམ་སྐྱེས་ནམ་ཡང་མ་རྒུད་ཅིང་།
།ཤ་གནྡྷསཏྲ་སྷ་བྷ་ཥ་ཏུ།
ལེགས་བཤད་དྲི་བསུང་པད་ཚལ་ཁྱབ་པ་ལགས།
།སླར་ཡང་སྦྱིན་སོགས་ཐུན་མོང་ཉམས་ལེན་དང་། །རྨད་བྱུང་སྔགས་ཀྱི་ལམ་གྱིས་རང་གི་རྒྱུད། །གྲོལ་ནས་གྲགས་པ་གསལ་ལྡན་ས་སྐྱ་པའི། །བསྟན་འཛིན་གསུང་གི་འཕྲིན་ལས་སྤེལ་བར་ཤོག །སྦྱིན་བྱ་དབང་བཞི་རྒྱུད་པ་རྣམ་དག་ལས། །ལེགས་འོངས་སྨིན་གྲོལ་ཉམས་ལེན་མཐར་ཕྱིན་ཅིང་། །སྙན་པར་རབ་གྲགས་སྐྱེས་བུ་དམ་པ་ཡི། །རྣམ་ཐར་འཛིན་པ་ཁྱེད་འདྲར་བདག་གྱུར་ཅིག །ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་