R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༩བ
[A:༢༩བ]་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་མཐུ་སྟོབས་ཐོགས་མེད་དཔལ་མགོན་སྟག་ཞོན་ནག་པོ་གཙོ་འཁོར་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སློབ་དཔོན་ཤིནྟ་གརྦྷ། ཁྲག་འཐུང་ནག་པོ། སློབ་དཔོན་པདྨ། བལ་པོ་བྷ་སུ་དྷ་ར། སྣུབ་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོཾ། གཏེར་སྟོན་གྲྭ་པ་ཀུན་དགའ་གྲགས། སོ་བན་འབུམ་གྲགས། སྐྱོ་བན་མཐུ་ཆེན། ལྕེ་མདོ་སྡེ་སེང་གེ རྗེ་བཙུན་སྒ་ལོ། ལྕེ་བློ་ལྡན་སེང་གེ ལྕེ་བཙུན་བསོད་ནམས་དཔལ། སྤྲུལ་སྐུ་དབང་ཕྱུག་རྡོ་རྗེ། འཇམ་དབྱངས་རིན་ཆེན་རྒྱལ་མཚན། དགའ་གདོང་པ་ཆོས་རྒྱལ་དཔལ་བཟང་། དཔལ་རི་བ་ཆོས་རྒྱལ་དཔལ་བཟང་། རྗེ་བཙུན་ཡབ་ཆོས་རྒྱལ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ། མཁན་ཆེན་ཐམས་ཅད་མཁྱེན་པ་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག མཁན་ཆེན་བསླབ་གསུམ་རྒྱལ་མཚན། དེ་གཉིས་ལ་ཉམས་དང་རྟོགས་པའི་མངའ་བདག་རྗེ་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་རྗེ་བཙུན་སྒ་ལོ། སྲས་ཤེས་རབ་སེང་གེ བླ་མ་ཨ་ཀ་ར་སིདྡྷི། བླ་མ་རིན་ཆེན་དཔལ་བཟང་པོ། སྤྲུལ་སྐུ་དབང་ཕྱུག་རྡོ་རྗེ་མན་འདྲ། ཡང་ན་ལྕེ་མདོ་སྡེ་སེང་གེ གྲུ་ཤཱཀྱ་འབུམ། ལྕེ་བློ་ལྡན་སེང་གེ་མན་འདྲ། གཏོར་ཆོག་བསྐང་གསོ་རྣམས་ཚར་ཆེན་གྱིས་མཛད་པའི་ལུང་ཡང་ཐོས་སོ། །འདིར་སྨྲས་པ། བྷཊྚ་ར་ཀ་ཤྭ་ར་ཊ་ཏྲི་དྷ་སྱཱ་ཨ་དྷིཥྛ་ན།
རྗེ་བཙུན་དབང་ཕྱུག་རབ་བརྟན་བྱིན་རླབས་ཀྱིས།
།ཤྲཱི་མནྟ་ཨ་མྲྀ་ཏ་ཨཱ་ཡུཿཙ་བྷོ་ག་ཙ།
དཔལ་ལྡན་འཆི་མེད་ཚེ་དང་ལོངས་སྤྱོད་དང་།
།ཨཱ་ཤྭ་རཿབ་ར་