R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༣༠ན
[A:༣༠ན]ཙཱ་ནནྡ་པུཎྱ་ཙ།
དབང་ཕྱུག་མཆོག་དང་མཐའ་ཡས་བསོད་ནམས་དང་།
།ཡ་ཤ་ཨྱ་ད་ཡ་པུཥྚིཾ་ཤྲེ་ཡནྟུ།
སྙན་གྲགས་དར་ཞིང་རྒྱས་པའི་དགེ་ལེགས་མཛོད།
།བདག་ཀྱང་ས་སྐྱའི་རྗེ་བཙུན་སྙན་བརྒྱུད་ཀྱི། །གཏེར་ཆེན་ཉམས་རྟོགས་མངའ་བདག་ཁྱེད་ལྟ་བུར། །གྱུར་ནས་བསྟན་འགྲོའི་དོན་མང་མཐར་ཕྱིན་ཏེ། །སྐལ་བཟང་མང་པོའི་རེ་བ་སྐོང་བར་ཤོག །དབང་བཅུ་མངའ་བའི་སྐྱབས་མཆོག་ཐུགས་རྗེ་ཡིས། །ཉམས་རྟོགས་ཡོན་ཏན་ཀུན་གྱིས་རྒྱུད་ཕྱུག་ཅིང་། །འཆི་མེད་རབ་བརྟན་དབང་པོ་ཀུན་གསལ་བའི། །ངང་ནས་འདི་ཕྱིའི་དོན་ཀུན་འགྲུབ་གྱུར་ཅིག །ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་ལས། ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་སྐབས་ཏེ་བརྒྱད་པའོ།། །།མངྒ་ལཾ།། །། ༈ མཁན་ཆེན་ཨ་པད་རིན་པོ་ཆེའི་དགོངས་བཞེད་ལྟར་གུ་རུས་ཞབས་ཞུ་བགྱིས་པའོ།།