R38: རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ལམ་འབྲས་ཀྱི་བཀའ་རྒྱ་ཐིམ་པའི་གཟིགས་སྣང་གི་གསལ་བྱེད།

  • Pagination (Witness A): ༥༨༡
[A:༥༨༡]ནས་ཀྱི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུའི་ནང་ནས་གཅེས་པའི་ནོར་བུ་ལྟ་བུ། གསུང་ངག་ལམ་འབྲས་ཀྱི་བཀའ་རྒྱ་ཐིམ་པའི་ཚེ་དག་པའི་གཟིགས་སྣང་ཁྱད་པར་ཅན་ཇི་ལྟར་བྱུང་བའི་ཚུལ་བཤད་པ་འདི་ལ་གཉིས་ཏེ། བཤད་པའི་གཞི་བཀོད་པ་དང༌། དེའི་དོན་བཤད་པའོ། །དང་པོ་ནི། ཁྱད་པར་གྱི་ཐིག་ལེ་དངས་མའི་དབུས། །རྣལ་འབྱོར་གྱི་དབང་ཕྱུག་ས་སྐྱ་པ། །རྗེ་བླ་མ་བརྒྱུད་པ་འགའ་རེ་དང༌། ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང༌། །ཕྱག་རྒྱའི་གཟུགས་དང་མཆོད་རྟེན་དང༌། །བདག་བུ་བཞིན་སྐྱོང་བའི་ལྕམ་དྲལ་རྣམས། །ལྟར་སྣང་གཅིག་གི་སྣང་བ་བསམ་མི་ཁྱབ། །རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་གསུང་ངག་གི་བཀའ་རྒྱ་ཐིམ་ནས་གསུངས་པས་ཆོག་གམ་མི་ཆོག་ཐུགས་ལ་འཁྲུངས་པའི་ཚེ། མགྲོན་ལྷ་གཡུ་ཐོག་ཏུ་རྗེ་བཙུན་ཆེན་པོས་གསུངས་ཆོག་པའི་བརྡ་དྲུ་བུ་སྣ་ལྔའི་ཞལ་གཟིགས་འདི། སྐལ་ལྡན་གྱི་གདུལ་བྱ་རྣམས་དད་པ་གསལ་འདེབས་པའི་ཕྱིར། བླ་མ་བརྒྱུད་པ་དང་བཅས་པ་ལ་གསོལ་བ་བཏབ་ཅིང༌། མཁའ་འགྲོ་ཆོས་སྐྱོང་ལ་མཆོད་གཏོར་ཕུལ་ཏེ། ལྷ་མཆོག་སེང་གེས་གསང་བརྟོལ་བ་ལ་མཁའ་འགྲོ་རྣམས་ཀྱིས་བཟོད་པར་གསོལ་ཞིང༌། དད་ལྡན་རྣམས་ཡིད་ཆེས་པའི་གནས་སུ་མཛོད་ཅིག །མངྒ་ལཾ་བྷ་ཝན་ཏུ་ཞེས་པ་སྟེ། འདིའི་ཁྱད་པར་གྱི་ཐིག་ལེ་ཞེས་པ་ནས། །བསམ་མི་ཁྱབ་ཅེས་པའི་བར་ཚིག་རྐང་བདུན་ནི་རྡོ་རྗེ་འཆང་ཉིད་ཀྱི་གསུང་ཡིན་ནོ། །འདི་ལ་ཚེག་བར་མི་མཉམ་པ་ཁ་ཅིག་སྣང་བ་ནི་དང་པོ་ཉིད་ནས་ཤུགས་འབྱུང་མ་བཅོས་པར་གསུངས་པ་ཡིན་པས་སླན་ཆད་ཀྱང་བཅོས་པར་མི་བྱའོ། །དེ་ནས་ཀྱང་རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་ཞེས་པ་ནས། བྷ་ཝནྟུ་ཞེས་པའི་བར་ནི་རྗེ་ལྷ་མཆོག་སེང་གེ་པའི་གསུང་ཡིན་ལ། དེ་ཡང་ཚིག་རྐང་བདུན་གྱིས་བསྟན་པའི་གཟིགས་སྣང་ཁྱད་པར་ཅན་འདིའི་གནས་ཚུལ་ཚིགས་བཅད་དེ་ཉིད་བཅས་པ། རྗེ་ལྷའི་མཚན་ཅན་གྱི་བར་སྙན་བརྒྱུད་དུ་བཞུགས་པ། རྗེ་འདིས་ཕྱི་རབས་ཀྱི་གདུལ་བྱ་ལ་དགོངས་ནས། གཟིགས་སྣང་རི་མོར་འདྲི་བའི་