R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༧༥བ
[A:༧༥བ]སྲོལ་ལཱུ་ནག་དྲིལ་གསུམ་གྱི་སྔོན་དུ་འགྲོ་བའི་སྤྱི་དོན་གྱི་བཤད་པའི་ཟིན་བྲིས་བདེ་ཆེན་ཞལ་གྱི་ཐིགས་ཕྲེང་། དཔལ་འཁོར་ལོ་བདེ་མཆོག་ནག་པོ་ལུགས་ཀྱི་བསྐྱེད་པའི་རིམ་པའི་རྣམ་པར་བཤད་པའི་ཟིན་བྲིས་བདེ་ཆེན་ཞལ་གྱི་ཐིགས་ཕྲེང་། ཕྱག་རྒྱ་ཆེན་པོ་བསམ་མི་ཁྱབ་དང་། ངག་དབང་གྲགས་པའི་ལུགས་ཀྱི་བྱིན་རླབས་ཀྱི་ཡི་གེ་བཀླགས་ཆོག་ཏུ་བཀོད་པ། ལམ་འབྲས་རྡོ་རྗེའི་ཚིག་གི་འགྲེལ་པ་གཉག་མའི་དགོངས་དོན་གསལ་བར་བྱེད་པ་གསུང་ངག་བསྟན་པའི་ཉིན་བྱེད། དཔལ་འཁོར་ལོ་བདེ་མཆོག་ནག་པོ་ལུགས་ཀྱི་བསྐྱེད་པའི་རིམ་པའི་བཤད་ཁྲིད་རྗེ་བླ་མ་མུས་པ་ཆེན་པོའི་གསུང་རྒྱུན། དཔལ་གསང་བ་འདུས་པ་མི་བསྐྱོད་པའི་དབང་བཀའ་གསར་རྙིང་གི་དོགས་དཔྱོད་བློ་གསལ་ཉེར་མཁོའི་ལེགས་བཤད་ཡ་རབས་མཁས་པའི་གཏམ་བསྐྱེལ། དཔལ་གསང་བ་འདུས་པའི་ཆོས་ཀྱི་བྱུང་ཚུལ་མདོ་ཙམ་དང་བསྐྱེད་རྫོགས་ཀྱི་ཉམས་ལེན་འགོས་ལུགས་གཙང་མ་ཡིད་འཕྲོག་ལྷའི་རོལ་མོ། གཞན་ཡང་ལམ་འབྲས་བརྒྱུད་པའི་གསོལ་འདེབས། རྗེ་བཙུན་རིན་པོ་ཆེ་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོ་སོགས་ལ་གསོལ་འདེབས་ཀྱི་ཡི་གེ རྗེ་རང་ཉིད་ཀྱི་རྩ་བའི་བླ་མ་རྣམས་ཀྱི་སྐུ་བསྟོད་མང་པོ། དྲིས་ལན་ཆབ་ཤོག ཞལ་གདམས་ཀྱི་སྐོར་སོགས་མདོར་ན་གསུང་འབུམ་ཕལ་ཆེར་གྱི་ལུང་རྣམས་སྨིན་རྒྱས་སུ་ནོས་པའི་བཀའ་དྲིན་གཞལ་དུ་མེད་པ་ཐོབ་པ་ལགས་སོ། །འདིར་སྨྲས་པ། སརྦ་ཛྙཱ་ལོ་ཀ་པ་རི་ཙཀྵུ་མེ་ཀ
ཀུན་མཁྱེན་འཇིག་རྟེན་ཡོངས་ཀྱི་མིག་གཅིག་པུ། །
ཙིཏྟ་སྱ་ཙི་ཏོ་མ་ཎི་ཏུ་ལེ་མི་ཏྲཾ།
ཐུགས་ནི་ཡིད་བཞིན་ནོར་དང་མཚུངས་པའི་བཤེས། །
སརྦ་ཛྙཱ་ན་མ་ཧོ་སཱ་དྡྷ་མཉྫུ་གྷོ་ཥ།
ཐམས་ཅད་མཁྱེན་པ་མཁན་ཆེན་འཇམ་པའི་