R382: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རིགས་ལྡན་འཇམ་པའི་དབྱངས་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་མཆེད་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༥བ
[A:༡༥བ]གྲགས། དབྱར་ཉི་དཔལ། འཆིམ་ནམ་མཁའ་གྲགས་པ། ཇོ་སྲས། གྲོ་སྟོན་ཆོས་རྒྱལ། རྒྱལ་རིན། ངག་དབང་གྲགས། ཡོན་བཟང་། སངས་རྒྱས་བཟང་པོ། སྟག་སྟོན་ཤེས་རྒྱལ། བྱང་བཟང་། བསོད་བློ། རྒྱ་སྟོན་ཙནྡྲ་དེ་ཝ། རི་ཁྲོད་བསོད་ནམས་རྒྱ་མཚོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། སློབ་དཔོན་དོན་ཤེས། རྗེ་ལྷ་མཆོག་སེང་གེ ཐར་རྩེ་ནས་སངས་རྒྱས་ཡེ་ཤེས། པཎ་ཆེན་ནམ་མཁའ་དཔལ་བཟང་། རྩེ་གདོང་བདག་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། སྤྱན་སྔ་ཀུན་དགའ་དོན་གྲུབ། གྲུབ་མཆོག་མཐུ་སྟོབས་དབང་ཕྱུག དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཆོས་རྒྱལ་སྲོང་བཙན་སྒམ་པོའི་གསུང་རབ་མ་ཎི་བཀའ་འབུམ་དུ་གྲགས་པའི་སྟོད་ཆ་སྨད་ཆའི་ཆོས་ཚན་ཡོངས་རྫོགས་པོ་ཏི་སྤར་མའི་ནང་བཞིན་ལུང་ནོས་པའི་བརྒྱུད་པ་ནི། ཁྲི་སྲོང་ལྡེ་བཙན། གྲུབ་ཐོབ་དངོས་གྲུབ། མངའ་བདག་ཉང་རལ། མི་བསྐྱོད་རྡོ་རྗེ། ཤཱཀྱ་བཟང་པོ། ལྷ་རྗེ་དགེ་བ་འབུམ། ལྕམ་ཡེ་ཤེས་མཆོག ཆུ་སྒོམ་པ་མཐའ་བཞི་བྱ་བྲལ་བ། ཚུལ་ཆེན་བསོད་ནམས་སེང་བ། བླ་མ་བཀྲ་ཤིས་རྒྱལ། ཆུ་རག་པ་བློ་རྒྱམ། འཕགས་མཆོག་ནོར་བུ་བཟང་པོ། ཆོས་རྗེ་བཟང་པོ་རྒྱལ་མཚན། མཁས་གྲུབ་དཔལ་ལྡན་སངས་རྒྱས། སྟས་དགའ་བ་ངག་དབང་གྲགས་པ། ཡིག་དྲུག་པ་ཤེས་རབ་དཔལ་འབྱོར། རྗེ་ཀུན་དགའ་གྲོལ་མཆོག བླ་མ་ཆོས་སྐྱོང་རྒྱལ་པོ། ཀུན་མཁྱེན་ནམ་མཁའ་རྡོ་རྗེ། རྗེ་རྣམ་རྒྱལ་དཔལ་བཟང་། བླ་མ་དཔལ་ལྡན་ཆོས་འབྱོར། སྤྱན་སྔ་ཀུན་དགའ་དོན་འགྲུབ། དཔལ་ས་སྐྱ་པ་ཆེན་པོ་གྲུབ་མཆོག་མཐུ་སྟོབས་དབང་