R382: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རིགས་ལྡན་འཇམ་པའི་དབྱངས་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་མཆེད་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༦ན
[A:༡༦ན]ཕྱུག དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་འཕགས་མཆོག་ནོར་བུ་བཟང་པོ་ལ་ཧོར་ཀ་བཞི་པ། སེང་གེ་རྒྱལ་མཚན། ཆོས་རྗེ་དཔལ་ལྡན་ལེགས་པ། ཀ་བཅུ་པ། བྱང་ཆུབ་དཔལ། འཕགས་པ་བློ་གྲོས་རིན་ཆེན། ཡིག་དྲུག་པ་མན་འདྲ། ༈ །ཡང་གྲུབ་མཆོག་དམ་པ་དེ་ཉིད་ཀྱི་དྲུང་དུ། རྗེ་མཁྱེན་བརྩེ་བའི་རྣམ་ཐར་རང་ཉིད་ཀྱིས་མཛད་པའི་ལུང་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་མཁས་པ་ཆེན་པོ་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་རིན་པོ་ཆེ་ངག་དབང་ཆོས་གྲགས། སྤྱན་སྔ་ཀུན་དགའ་དོན་གྲུབ། དཔལ་ས་སྐྱ་པ་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །འདིར་སྨྲས་པ། ཡོ་ཛྙཱ་ཀྲི་པཱ་མཎྜ་ལ་ཀྲིསཏྲ་བིལྦོ་བི།
གང་གི་མཁྱེན་བརྩེ་དྲི་མེད་དཀྱིལ་འཁོར་ལ། །
པཤྱ་དྷརྨཱ་བི་པ་ཤྱཾ་བི་མ་ལ་སྥུ་ཊ་སྱ།
མཐའ་ཡས་ཆོས་ཀྱི་གཟུགས་བརྙན་གསལ་བར་སྣང་། །
བནྡྷུ་པྲ་ཛཱ་ནཾ་ས་ཧ་དེ་བ་མེ་ཀ
ལྷར་བཅས་འགྲོ་བའི་རྩ་ལག་གཅིག་པུ་བ། །
ཤཱཀྱ་སྱ་དེ་ཤོ་དྷ་ར་ཏེ་ཛ་ཡ་གྷཿ་
ཤཱཀྱའི་བསྟན་འཛིན་མཆོག་ཁྱོད་རྒྱལ་གྱུར་ཅིག །
ས་འཛིན་དཀར་པོའི་ངོས་ཀྱི་སྐྱ་བའི་འོད། །གངས་རིའི་སྤོ་ལ་ཉི་ཟེར་འཕྲོ་བ་ལྟར། །ཆེ་ཆེར་གསལ་ལས་ངོ་མཚར་ཡུལ་གྱི་མཚན། །ཀུན་ཏུ་གྲགས་འདིའི་བསྟན་པ་ཡར་འཕེལ་ཤོག །འཇམ་དཔལ་འཇམ་དབྱངས་འཇམ་པའི་རྡོ་རྗེ་ཉིད། །གཟུགས་གཞན་ཟློས་པའི་སྐྱེས་ཆེན་སྐུ་མཆེད་ཀྱི། །རིགས་ཀྱི་ཅོད་པཎ་གོང་མར་བཅས་པ་ཡི། །བསྟན་འདི་སྲིད་མཐར་བདག་གིས་འཛིན་གྱུར་ཅིག །ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་