R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 140
[A:140]བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་འདི་ནི། སྲིད་གསུམ་འགྲོ་བའི་བླ་མ་འཇམ་མགོན་གྲུབ་པའི་དཔའ་བོ་པདྨའི་རྣམ་འཕྲུལ་བསོད་ནམས་དབང་པོའི་ཞལ་སྔ་ནས་དང་། བྱང་ཆུབ་སེམས་དཔའ་ཞི་བ་འཚོའི་རྣམ་པར་སྤྲུལ་པ་ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། རིགས་ཐམས་ཅད་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་སེམས་དཔའ་དང་དབྱེར་མ་མཆིས་པ་རྒྱལ་བ་མུས་པ་ཆེན་པོ་རྗེ་བཙུན་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། ཟབ་ཡངས་ཆོས་ཀྱི་སྤྱན་ལྡན་སྤྲུལ་པའི་སྐུ་རྒྱལ་བའི་སྲས་པོ་སྤྱན་སྔ་ཀུན་དགའ་དོན་གྲུབ། ས་སྐྱ་པའི་སྙན་བརྒྱུད་ཀྱི་གདམས་པའི་གཏེར་ཆེན་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་བླ་མ་དབང་ཕྱུག་རབ་བརྟན། ཆོས་རྗེ་ས་པཎ་གྱི་སྡོམ་རྒྱུན་འཛིན་པ་ཤ་ཆང་ཞལ་ལ་མི་རེག་པ་སོགས་སྐུ་བཙུན་པའི་མཐར་ཐུག་པས་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་རིམ་གཉིས་ཀྱི་ཏིང་ངེ་འཛིན་ལ་ཐུགས་བརྟན་པ་ཆོས་ཀྱི་རྗེ་ནགས་དགོན་པ་སྦྱིན་པ་གྲགས་པ། མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་ཤེས་བྱའི་གནས་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་བརྙེས་ཤིང་། ནང་དུ་ཡང་དག་པའི་ཟབ་བཞེས་ཀྱི་ཏིང་ངེ་འཛིན་ལ་དབང་འབྱོར་བས་སྙིགས་དུས་ཀྱི་ཡོངས་འཛིན་ཀུན་གྱི་གཙུག་རྒྱན་གཅིག་པུ་ཐམས་ཅད་མཁྱེན་པའི་བཤེས་གཉེན་མཁན་ཆེན་ངག་དབང་ཆོས་ཀྱི་གྲགས་པ་ལ་སོགས་ཏེ་ཡོངས་འཛིན་འབྲེལ་ཚད་དོན་ལྡན་གྱི་དམ་པ་མང་པོའི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་ཤིང་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བའི་སྐལ་བ་བཟང་པོ་ཅན། དཔལ་ས་སྐྱ་པ་ཤཱཀྱའི་དགེ་བསྙེན་པཎྜི་ཏ་
མཁས་པ་
སྔགས་འཆང་ངག་