R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 141
[A:141]དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས། རིགས་ཀྱི་བུ་ངག་དབང་བསོད་ནམས་དབང་ཕྱུག་ལ་སོགས་ཏེ་རང་དང་སྐལ་བ་མཉམ་པའི་སློབ་མའི་ཚོགས་རྣམས་ལ་ཕན་པར་བསམས་ནས། བླ་མ་གོང་མ་རྣམས་ཀྱི་གསན་ཡིག་སོ་སོ་ལ་གཞི་བྱས། ཅུང་ཟད་མི་མཐུན་པ་དང་ཐེ་ཚོམ་གྱི་གཞིར་གྱུར་པ་རྣམས་བླ་མ་སོ་སོའི་རྣམ་ཐར་དང་། ཆོས་འབྱུང་ལོ་རྒྱུས་ལ་སོགས་པ་ཤེས་བྱེད་ཀྱི་ཁུངས་རྣམ་པར་དག་པ་ལ་གཏུགས་ཏེ། རང་གི་བགྲང་གཞི་བཅུ་ཕྲག་བཞི་དང་ཉག་མ་བརྒྱད་དུ་སླེབས་པ། འཕགས་པའི་ཡུལ་ན་ཏཱ་ར་ཎཿཞེས་པ་སྒྲོལ་བྱེད་ཅེས་གྲགས་ཤིང་། རྒྱ་ནག་ལུགས་ལ་ཤིང་ཕོ་སྤྲེའུའི་ལོ་ཆུ་སྟོད་ཟླ་བའི་དཀར་པོའི་ཕྱོགས་ཀྱི་ཚེས་བཅུ་བཞི་སྔོན་གྱི་སྐྱེས་ཆེན་འཁོན་དཀོན་མཆོག་རྒྱལ་པོ་དང་། དཔལ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་ཡབ་སྲས་སོགས་དང་། ཕྱི་རབས་བསྟན་པའི་གསལ་བྱེད་དམ་པ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ལ་སོགས་ཏེ། སྤྲུལ་པའི་སྐུ་དུ་མ་ཟབ་མོ་ཆོས་དབྱིངས་སུ་མཉམ་པར་བཞག་པའི་ཚུལ་བསྟན་པའི་ཟླ་དུས་ཀྱི་དུས་བཟང་ཁྱད་པར་ཅན་གྱི་ཉིན་གོང་མ་འབྲེལ་ཚད་དོན་ལྡན་དེ་དག་གི་དུས་དྲན་གྱི་མཆོད་པ་འབུལ་བའི་ཚེ། ཆོས་གྲྭ་ཆེན་པོ་དཔལ་ལྡན་ས་སྐྱའི་བཞི་ཐོག་བླ་བྲང་གི་ཚོམས་དམར་དུ། ས་གསུམ་གྱི་བླ་མ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་བཞུགས་ཁྲི་པདྨ་ཅན་གྱི་དྲུང་ག་ལ་བ་དེར་ལེགས་པར་སྦྱར་བའི་ཡི་གེ་པ་ནི་སྐྱེས་སྦྱངས་ཀྱི་བློ་གྲོས་རབ་ཏུ་གསལ་བས། སྤྱིར་གསུང་རབ་མང་པོ་ལ་རྣམ་དཔྱོད་ཀྱི་སྣང་བ་ཆེས་ཆེར་རྒྱས་ཤིང་། ཁྱད་པར་གསོ་བ་རིག་པའི་གཞུང་ལུགས་དང་། ཡི་གེའི་