R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 2
[A:2]རྒྱ་གར་སྐད་དུ། ཤྲཱི་སམྤཏྶ་ར་ཀཱནྟཱ་ར་ཨ་གྲ་ཏེ་རཏྣ་ནིརྨྨ་ཎ་ཀཱ་ཡ་ཨཱ་ནནྡ་ནཱ་ནནྡ་ནཱ་མི་ཀ་དྷརྨཱ་སྭ་མི་ཙ་ར་ཎ་ཡཾ་བནྡེ། བོད་སྐད་དུ། དཔལ་ལོ་དགོན་པའི་སྤྱན་སྔ་རིན་པོ་ཆེའི་སྤྲུལ་སྐུ་ཀུན་དགའི་མཚན་ཅན་ཆོས་རྗེའི་ཞབས་ལ་འདུད་དོ། །ཆོས་ཚུལ་མི་འདྲའི་ཆུ་ཕྲན་བྱེ་བ་བརྒྱ། །གང་ཐུགས་ཟབ་ཡངས་རྒྱ་མཚོར་ཀུན་འཁྱིལ་བའི། །རིགས་མེད་ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །འགྲོ་ཀུན་དགའ་མཛད་དོན་ཀུན་གྲུབ་དེས་སྐྱོངས། །ཞེས་པའི་བསྟོད་ཡུལ་དམ་པར་གྱུར་པ་སྤྲུལ་པའི་སྐུ་སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ་ཀྱི་དྲུང་དུ་དམ་པའི་ཆོས་ཀྱི་བཀའ་དྲིན་ནོས་པའི་ཚུལ་ནི། ཐོག་མར། ༈ །ཚེ་སྦྱིན་དཔལ་མོ་སྒྲོལ་དཀར་སྤྱན་བདུན་མའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་སྔོན་དུ་འགྲོ་བའི་སྒོ་ནས། དེའི་ལྷ་ཁྲིད་རྒྱས་པ་རྗེ་ངག་དབང་གྲགས་པས་མཛད་པའི་ཡིག་