R386: ས་སྐྱ་པ་ཨཱ་ནནྡའི་མིང་ཅན་གྱི་ཐོབ་ཡིག་ཆེན་མོའི་ཁ་སྐོང་བརྗེད་བྱང་དུ་བཀོད་པ་དོན་གཉིས་མཐར་ཕྱིན་བསམ་པ་ལྷུན་གྲུབ།

  • Pagination (Witness A): 165
[A:165]འབུད་ཀྱི་ཞལ་ཤེས་ཀྱི་ཡིག་ཆུང་། དྲག་པོ་བཙན་གྱི་རྐྱལ་འབུད་ཀྱི་ཡིག་ཆུང་གི་ཡང་ཡིག གནོད་སྦྱིན་དམར་མོའི་སྒོ་ནས་དགྲ་ལ་བྱ་དམག་ཁྱི་དམག་དྲང་བ། བཤན་པ་དམར་མོའི་སྒྲུབ་ཐབས་གནམ་ལྕགས་ཐོག་དམར། གནོད་སྦྱིན་ར་ལ་ཞོན་པའི་སྒྲུབ་ཐབས་གཉན་ལོས་མཛད་པ། བཤན་པ་དམར་པོའི་མདོས་ཆོག་གཉན་ལོ་ཙཱ་བས་མཛད་པ། གནོད་སྦྱིན་ལྕམ་དྲལ་གྱི་རྗེས་གནང་གི་ཡིག་ཆུང་། གནོད་སྦྱིན་ལྕམ་དྲལ་གྱི་ལས་བྱང་འཕྲིན་ལས་ལྷུན་གྲུབ། གནོད་སྦྱིན་བཤན་པ་འཁོར་བཅས་ཀྱི་བསྐང་གསོ་རྒྱས་པ་ལྡོང་གི་བནྡྷེས་མཛད་པ། གནོད་སྦྱིན་ལྕམ་སྲིང་གི་གཏོར་ཆོག་རྣམས་ཐོབ་པའི་བརྒྱུད་པ་ནི། དཔལ་ལྡན་པདྨ་དབང་ཆེན། སློབ་དཔོན་པདྨ་འབྱུང་གནས། དཔལ་ལྡན་གྲུབ་ཐོབ་མདའ་ཆར། བོ་དོང་བརྩོན་འགྲུས་རྗེ། ཉན་ཆེན་བསོད་ནམས་བརྟན་པ། མཁན་ཆེན་ཆོས་རྒྱལ་བཟང་པོ། ཀུན་མཁྱེན་དཔལ་ལྡན་བཟང་པོ་ལ་སོགས་པ་ནས་བཟུང་སྟེ། བྲག་རཾ་བཀའ་བཞི་ཆེན་མོ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། དེའི་དྲུང་དུ་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་ནོས་སོ། ༈ །ཡང་མན་ངག་གི་དཔེ་སྐོར་ཕལ་ཆེར་གྱི་ལུང་གི་བརྒྱུད་པ་ནི། རྗེ་དབང་ཕྱུག་རབ་བརྟན། ཆོས་ཀྱི་རྗེ་པཎྜི་ཏ་པ། རྗེ་ཨ་ཝ་དྷུ་ཏི་པ། དེ་ལས་ཀྱང་ས་སྐྱ་པ་ཨ་ནནྡས་ཐོས་སོ། ༈ །ཡང་འདིའི་དཔེ་སྐོར་ཉེར་མཁོ་ཕལ་ཆེར་གྱི་ལུང་གི་བརྒྱུད་པ་ནི། རྗེ་དབང་ཕྱུག་རབ་བརྟན་ཡན་གོང་དང་འདྲ་བ་ལས། དེ་ནས་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེ་ལས་ཀྱང་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་ཐོས་སོ། ༈ གོང་གི་ཐོབ་ཡིག་ཆེན་