R386: ས་སྐྱ་པ་ཨཱ་ནནྡའི་མིང་ཅན་གྱི་ཐོབ་ཡིག་ཆེན་མོའི་ཁ་སྐོང་བརྗེད་བྱང་དུ་བཀོད་པ་དོན་གཉིས་མཐར་ཕྱིན་བསམ་པ་ལྷུན་གྲུབ།

  • Pagination (Witness A): 167
[A:167]མོར་མ་ཐེབས་པ་དང་། སླར་ཡང་དོན་གཉེར་བྱས་ནས་བསྟན་པའི་རྒྱུན་ལ་བསམ་བརྒྱུད་ལྡན་ཡིད་ཆེས་ཅན་དག་ལས་ཆོས་རྒྱུན་དཀོན་པ་དུ་མ་ནོས་པ་ལ། ཞྭ་ལུ་བ་སངས་རྒྱས་དཔལ་བཟང་གི་བདེ་མཆོག་སྐོར་གྱི་ཡིག་ཆ་ཕལ་ཆེར་གྱི་ལུང་། དཔལ་གྱི་རྒྱལ་མཚན། བྱམས་པ་ཆོས་ལེགས་ཀྱི་འཇིགས་བྱེད་བསྐྱེད་རིམ་གྱི་རྣམ་བཤད། པཎ་ཆེན་གུང་རུའི་ཀུན་རིག་རྣམ་བཤད། ཡང་བྱམས་པ་ཆོས་ལེགས་པའི་ཀྱཻ་རྡོར་རྣམ་བཤད་ཆེན་མོ་དང་ནཱ་རོ་མཁའ་སྤྱོད་ཀྱི་རྣམ་བཤད། རྗེ་བཟང་པོ་དཔལ་བའི་ལམ་འབྲས་ཁྲིད་ཡིག་ཆ་ཚང་། རྗེ་ཉི་ཟླ་སེང་གེའི་བཀའ་འབུམ་པོ་ཏི་གསུམ་དཀར་ཆག་ནང་བཞིན་གྱི་ལུང་། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱི་བཀའ་འབུམ་པོ་ཏི་དྲུག་སོགས་ཕལ་ཆེར་གྱི་ལུང་ལ་སོགས་པ་གསར་ཐོབ་མང་དུ་བྱུང་བའི་བརྒྱུད་པ་ཕལ་ཆེར་ནི་སྔར་གྱི་ཐོབ་ཡིག་ཆེན་མོ་འབྲི་དུས་སྲུབ་ལུས་བྱུང་བའི་གོང་གི་བླ་མ་སོ་སོ་རྣམས་གཙོ་ཆེ་བ་ཡིན་ལ། དེ་དག་ཏུ་མ་འདུས་པ་ཐོར་ཙམ་ཞིག་བྷིཀྵུ་པཎྜེ་པ་དང་། བྷིཀྵུ་ཀུ་ས་ལིའི་རིགས་དག་ལས་ནོས་པ་ཡིན་ལ། རྗེས་འཇུག་རྣམས་ཀྱིས་བསྟན་པ་བསམ་ནས་ཆོས་ཀྱི་དོན་གཉེར་དང་། ཕྱོགས་ཀུན་ཏུ་སྤེལ་བའི་ལྷག་བསམ་རྒྱུན་མ་ཆད་པ་གལ་ཆེ་བ་ལགས། ཞེས་པ་འདི་ཡང་སྔགས་འཆང་ཨ་ནནྡས་ཡུད་ཙམ་ཞིག་ལ་སྨྲས་པའོ། །ཕྱོགས་དུས་གནས་སྐབས་ཀུན་ཏུ་བཀྲ་ཤིས་པར་གྱུར་ཅིག། །། ༈ མཁན་ཆེན་ཨ་པད་རིན་པོ་ཆེའི་དགོངས་བཞེད་ལྟར་གུ་རུས་ཞབས་ཞུ་བགྱིས་པའོ།།