R386: ས་སྐྱ་པ་ཨཱ་ནནྡའི་མིང་ཅན་གྱི་ཐོབ་ཡིག་ཆེན་མོའི་ཁ་སྐོང་བརྗེད་བྱང་དུ་བཀོད་པ་དོན་གཉིས་མཐར་ཕྱིན་བསམ་པ་ལྷུན་གྲུབ།

  • Pagination (Witness A): 144
[A:144]ཨོཾ་སྭ་སྟི་སིདྡྷི། ན་མོ་གུ་རུ་བུདྡྷ་དྷྭ་ཛ་ཡ། འདིར་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱི་ཐོབ་ཡིག་ཆེན་མོ་བསྒྲིགས་པའི་རྗེས་སུ། སླར་ཡང་གསང་སྔགས་གསར་རྙིང་གི་ཆོས་ཚུལ་ཟབ་མོ་དུ་མ་ཐོབ་པའི་ཚུལ་མདོ་ཙམ་བརྗོད་ན། ཐོག་མར་ས་སྐྱ་པའི་བསྟན་འཛིན་རྫོང་ལུགས་པའི་ཆོས་རྗེ་མཻ་ཏྲི་ཤྲཱིའི་དྲུང་དུ་ལམ་འབྲས་གླེགས་བམ་རྩ་པོད་དང་ཁྲ་པོད་གཉིས་ཀ་གཙང་བྱམས་པ་དང་། རྗེ་ནམ་མཁའ་དབང་ཕྱུག་གི་དཀར་ཆག་ནང་བཞིན་ནས་ལམ་སྐོར་ལྷག་མ་བརྒྱད་མ་གཏོགས་པོ་ཏི་ཡོངས་རྫོགས་ཀྱི་ལུང་ཁྲིད་ཐོབ་པའི་བརྒྱུད་པ་ནི། ༈ །སངས་རྒྱས་རྡོ་རྗེ་འཆང་། བདག་མེད་མཁའ་འགྲོ་མ། རྣལ་འབྱོར་དབང་ཕྱུག་བིརྺ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷུ་ཏི་པ། གྷ་ཡ་དྷཱ་ར། འབྲོག་མི་ལོ་ཙཱ་བ། བླ་མ་སེ་མཁར་ཆུང་བ། ཞང་སྒོམ་ཆོས་འབར། ས་ཆེན་ཀུན་དགའ་