R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡བ
[A:༡བ] ན་མོ་གུ་རུ་བུདྡྷ་དྷྭ་ཛ་ཡེ། བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་ངག་གི་དབང་ཕྱུག་ལ་གུས་པས་ཕྱག་འཚལ་ལོ། །གངས་ཅན་ལྗོངས་འདིར་ཐུབ་དབང་རྒྱལ་ཚབ་མཆོག །ས་སྐྱའི་བླ་ཆེན་ཡབ་སྲས་ཁུ་དབོན་སོགས། །རིམ་པར་བྱོན་པ་རྣམས་དང་ཁྱད་པར་དུ། །སྔགས་འཆང་བསྟན་པའི་ཉི་མས་བདག་སྐྱོངས་ཤིག །གཞན་ཡང་བཀའ་དྲིན་མཉམ་མེད་འཁོར་ལོའི་མགོན། །གྲུབ་མཆོག་དེད་དཔོན་བསོད་ནམས་དབང་པོ་དང་། །སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པའི་མཚན། །རྒྱལ་བའི་སྤྱི་གཟུགས་མུས་པ་ཆེན་པོ་སོགས། །རྩ་བའི་བླ་མ་རྣམས་ལ་གུས་བཏུད་ནས། །ས་སྐྱའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི། །སོ་སོའི་མཁས་པ་དག་གི་བཞེད་པའི་སྲོལ། །ཅུང་ཟད་འདྲ་མིན་འགའ་ཞིག་ཕྱོགས་གཅིག་ཏུ། །བསྡེབས་པ་འདི་ལ་བློ་གསལ་འཇུག་པར་རིགས། །དེ་ལ་འདིར་