R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༡ན
[A:༡༥༡ན]རྣམས། །དུས་འདིར་ཚེ་རིང་ནད་མེད་བསམ་དོན་འགྲུབ། །བསྟན་པ་ཆེར་རྒྱས་དོན་གཉིས་མཐར་ཕྱིན་ནས། །ཕྱི་མ་ལྷན་ཅིག་བདེ་བ་ཅན་བགྲོད་ཤོག །ཅེས་དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོགས་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད་ཅེས་བྱ་བ་འདི་ཡང་། རིགས་ལྡན་ཆོས་ཀྱི་རྒྱལ་པོ་གྲུབ་པའི་འཁོར་ལོ་བསྒྱུར་བ་འཇམ་པའི་དབྱངས་བསོད་ནམས་དབང་པོ་དང་། རྒྱལ་སྲས་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། རིགས་ཐམས་ཅད་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཉིད་གཞན་ངོར་ངུར་སྨྲྀག་གི་བླ་གོས་འཆང་བ་རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན་རྣམས་གཙོ་བོར་སྨོས་པའི་ཡོངས་འཛིན་བསླུ་མེད་དུ་མའི་ཞབས་རྡུལ་སྤྱི་བོས་ལེན་པ་ཤྲཱི་ས་སྐྱ་པ་ཤཱཀྱའི་དགེ་བསྙེན་པཎྜི་ཏ་
མཁས་པ་
སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས། བོད་ཡུལ་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་མཁས་པའི་དབང་པོ་ངོར་རྫོང་རྣམ་གཉིས་ཀྱི་གྲུབ་མཐའི་བཞེད་སྲོལ་མི་འདྲ་བ་དུ་མ་སྣང་བའི་ལེགས་བཤད་རྣམས་རང་དང་སྐལ་བ་མཉམ་པའི་བློ་གསལ་རྣམས་འཇུག་པ་བདེ་བའི་ཕྱིར་ཕྱོགས་གཅིག་ཏུ་སྡེབས་ཏེ་ས་མོ་སྦྲུལ་གྱི་ལོ་ཟླ་བ་གསུམ་པའི་དམར་ཆའི་ཚེས་ལ་དཔལ་ས་