R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༢བ
[A:༡༡༢བ]བག་ཆགས་དང་བཅས་པ། །མ་ལུས་བྱང་ནས་དོན་གཉིས་ཕུན་ཚོགས་ཤོག །བདག་ཀྱང་རྡོ་རྗེའི་ལུས་བརྟས་དབང་པོ་གསལ། །རིགས་བརྒྱུད་མྱུར་འབྱུང་བསྟན་ལ་ཆེས་ཕན་ཅིང་། །དཔོན་སློབ་ཚེ་མཐར་ཕྱིན་ནས་ཕྱི་མའི་ཚེ། །བདེ་ལྡན་ཞིང་དུ་ལྷན་ཅིག་སྐྱེ་བར་ཤོག །གནས་དེར་ས་ལམ་རྟོགས་པ་མཐར་ཕྱིན་ཏེ། །གང་འདུལ་སྤྲུལ་པས་སྔགས་འཆང་ཡབ་སྲས་ཀྱི། །བསྟན་འདི་སྲིད་མཐའི་བར་དུ་འཛིན་པ་སོགས། །ཡིད་ལ་རེ་བའི་དོན་ཀུན་ལྷུན་གྲུབ་ཤོག །ཅེས་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད་ཅེས་བྱ་བ་འདིའང་ས་གསུམ་གྱི་བླ་མ་གྲུབ་ཐོབ་ཀྱི་འཁོར་ལོས་སྒྱུར་བ་འཇམ་པའི་དབྱངས་བསོད་ནམས་དབང་པོའི་ཞལ་སྔ་ནས་དང་། ཡབ་རྗེ་སྦས་པའི་སངས་རྒྱས་བསྟན་པའི་རྩ་ལག་སྔགས་འཆང་གྲགས་པ་བློ་གྲོས། བརྟན་གཡོའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཉིད་གཞན་ངོར་ངུར་སྨྲིག་གི་བླ་གོས་འཆང་བ་རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་འཇམ་པའི་དབྱངས་ངག་དབང་ཆོས་གྲགས་ལ་སོགས་ཏེ་ཡོངས་འཛིན་དམ་པ་བཀའ་དྲིན་ཅན་རྣམས་ཀྱི་གསུང་ལས་སྐྱེས་པ་དཔལ་ས་སྐྱ་པ་ཤཱཀྱའི་དགེ་གཉེན་པཎྜི་ཏ་
མཁས་པ།
སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་འཕགས་པའི་ཡུལ་ན་བ་ཧུ་དྷཱ་ནྱཿསྟེ་འབྲུ་མང་པོ་ཞེས་གྲགས་ཤིང་རྒྱ་ནག་ལུགས་ལ་ས་ཕོ་