R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡བ
[A:༡བ] རྒྱ་གར་སྐད་དུ། ཤྲཱི་དྷརྨྨ་སྭ་མཱི་ལོ་ཀ་ཙཀྵུ་བྷཊྚ་ར་ཀ་སརྦ་གུ་རུ་བྷྱོ་ན་མཿ བིནྡྷཱ་ཏྲ་ཝཱ་ཀྱོ་བ་སུདྷོ་མྲི་ཏེ་ན་ཀརྨྨ་རྐ་བྷཱ་ས་མནྟ་བྷ་བཀྶ་ཀཱ་ཤཿ བོད་སྐད་དུ། དཔལ་ཆོས་ཀྱི་རྗེ་འཇིག་རྟེན་གྱི་མིག་རྗེ་བཙུན་བླ་མ་ཐམས་ཅད་ལ་ཕྱག་འཚལ་ལོ། །གསུང་གི་བདུད་རྩིས་ནོར་འཛིན་གྱི་ཐིག་ལེ་འདིར་འཕྲིན་ལས་ཉི་འོད་ཀུན་དུ་གསལ་བར་གྱུར་ཅིག རིགས་ཀུན་ཁྱབ་བདག་ཟུང་འཇུག་རྡོ་རྗེ་འཆང་། །སྟོབས་ཀྱི་མགོན་པོ་དཔལ་ལྡན་བིརྺའི་ཞབས། །དེ་དང་དབྱེར་མེད་ས་སྐྱའི་བླ་ཆེན་རྗེ། །ཡབ་སྲས་ཁུ་དབོན་རིམ་པར་བྱོན་ལ་འདུད། །འགྲོ་མགོན་བླ་མའི་གསུང་ངག་བང་མཛོད་ལ། །དབང་བསྒྱུར་དཔལ་ལྡན་རྗེ་དང་གཟུངས་ཀྱི་དཔལ། །སློབ་མར་བཅས་ཏེ་ལུགས་ཟུང་ཆོས་ཀྱི་སྒོ། །དང་པོར་འབྱེད་མཛད་དེ་དག་ངོ་མཚར་རྨད། །ཟས་གཙང་སྲས་པོའི་ཞལ་གྱི་བུམ་བཟང་ལས། །ལུང་བསྟན་