R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢ན
[A:༢ན]བདུད་རྩི་རྙེད་པའི་སྐྱེས་བུའི་མཆོག །གང་གི་འཕྲིན་ལས་ཉི་འོད་ལྟར་གསལ་བའི། །ཀུན་མཁྱེན་ཀུན་དགའ་བཟང་པོས་བདག་སྐྱོངས་ཤིག །མགོན་དེའི་ཐུགས་སྲས་ངེས་དོན་བསྟན་པའི་བདག །སེམས་དཔའ་ཆེན་པོར་གྲགས་པའི་མུས་ཆེན་རྗེ། །གཞན་ཡང་ཀུན་མཁྱེན་སྨྲ་བའི་སེང་གེ་དང་། །པཎ་ཆེན་ཤཱཀྱའི་མཚན་རྣམས་ཕྱག་གི་གནས། །གང་གི་མཁྱེན་རབ་གཞོལ་མེད་རྡོ་རྗེ་ཡིས། །གཞན་གཞུང་སྲ་བརྟན་བྲག་རི་གཞོམ་པ་ལ། །རྒྱལ་སྲིད་ཆེན་པོའི་དཔུང་ལྟར་ཆེས་དཔའ་བའི། །མཚན་གྱི་གྲགས་དཀར་གསལ་དེའང་བསྔགས་པར་འོས། །དེ་ཡི་བཞེད་གཞུང་ལ་དགྱེས་འགྲོ་བ་ཀུན། །དགའ་མཛད་རྣམ་པར་རྒྱལ་བའི་མཚན་ཅན་དང་། །ཨེ་ཝཾ་མི་ནུབ་བསྟན་པའི་རྒྱལ་མཚན་ཆེ། །བསྒྲེངས་མཁས་ལེགས་པའི་འབྱུང་གནས་སྤྱི་བོས་མཆོད། །རྒྱུད་དང་མན་ངག་ཤེས་བྱའི་གནས་ཀུན་