R410: ཀྱཻ་རྡོ་རྗེ་ཌོཾ་བི་པའི་ལུགས་ཀྱི་དབང་བསྐུར་ཆོ་ག པར་རྙིང་། མཇུག་བྱང་།

  • Pagination (Witness A): ༣༣ན
[A:༣༣ན]Colophon, f. 33a [...]Printing colophon, f. 33a6-9 ན་མོ་བ༹ཇྲདྷརཡ། ། རྣམ་དག་མཁྱེན་པའི་གཏིང་མཐའ་དཔག་ཡས་ཤིང། ། རྣམ་ཀུན་ཉམས་སྦྱོང་རོ་ངང་མི་འགྲོགས་པ། ། ཕན་བདེའི་སྤྲིང་ཕུང་འཕྲོ་ལ་ཕྱག་འཚལ་ཞིང། ། ཐུབ་བསྟན་ཀླུ་དབང་བརྟེན་པ་རྒྱལ་གྱུར་ཅིག། ། ངག་གི་དབང་པོའི་རིང་ལུགས་འགྲོ་བ་ལ། ། རབ་མང་བསྐལ་བར་གནས་ཕྱིར་ཆོས་ཀྱི་རྒྱལ། ། དཔལ་ལྡན་གྲ་ལྔའི་བཀའ་ལུང་ལྷུར་བླངས་ནས། ། མཁས་པའི་ཟུར་ཕུང་མཆོག་ཏུ་བརྟེན་འོས་པ། ཌོཾ་བྷིའི་དགོངས་པ་གསལ་བྱེད་གཞུང་གི་པར། ཆོས་རྒང་བསོད་ནམས་གྲོང་ཁྱེར་ཉམས་དགའ་བར། བརྟན་ལ་གཅེས་པའི་བསམ་པས་ལེགས་པར་བསྒྲུབས། ། དགེ་བས་འགྲོ་ཀུན་རྡོ་རྗེ་འཛིན་པར་ཤོག། ། ཁྱད་པར་རིག་འཛིན་གྲ་ལྔ་རྒྱལ་པོ་ཡི། ། ཕྲིན་ལས་འཇམ་པའི་དབྱངས་ཀྱི་མགོན་དང་བཅས། ། བསྟན་ལ་ལོག་པར་སྒྲུབ་པ་ཚར་བཅད་ནས། ། ས་ལ་རྒྱལ་བའི་དགོངས་པ་གསལ་གྱུར་ཅིག། ། སྦྱིན་པའི་བདག་པོ་ཡབ་ཡུམ་སྲས་བཅས་ཀྱང་། ། མི་མཐུན་གཞན་དུ་བར་ཆད་ཀུན་ཞི་ནས། ། སྐྱེ་བ་ཀུན་དུ་འཇམ་དབྱངས་བླ་མ་ཡི། ། རྟག་ཏུ་དགེ་བའི་གཤེས་གཉེན་མཛད་གྱུར་ཅིག ། གཞུང་གི་དག་བྱེད་མཁས་པ་དཔལ་འཛིན་བཟངགངས་ཅན་པར་ལ་མཁས་པ་བཟོད་པ་འཕེལ༎ ༎དགེའོ༎