R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 100
[A:100]བསས་གཏན་གཅིག་ལ་རོལ་རྣམས་བཟོད་[B:103]པར་མཛོད། ། མཚལཚལ་པ་སི་ཏུ་དགེ་བའི་བློ་གྲོས་དེ། ། འཇིག་རྟེན་གཞན་ན་དེ་འདྲ་སུ་ཞིག་གདུང་། ། རྒྱལ་རབས་དེབ་ཐེར་སྒྲིག་ལ་མཁས་པ་ཡི། ། བྱེད་པོ་གཉིས་པ་ཡོད་དོ་ཤེས་པར་གྱིས། ། རིགས་གཟུགས་ནོར་གྱིས་བརྒྱན་པ་མང་ན་ཡང་། ། འདི་ལྟའི་ལེགས་བཤད་བྱེད་པོ་དཀོན་པ་ལས། ། ལོ་རྒྱུས་གཏམ་ལ་ཆགས་པ་མ་སེམས་པར། ། ནོར་བུས་ནམ་མཁའ་བཀང་ནས་མཆོད་ཀྱང་རུང་། ། རྒྱལ་རབས་འཕྲུལ་གྱི་ལྡེ་མིག་བྱིན་པ་ཡི། ། རྣམ་པར་དཀར་བའི་དགེ་ལས་དེང་དུས་ཀྱི། ། ས་བདག་མ་ལུས་ཆོས་བཞིན་བྱེད་པ་དང་། ། ཡངས་པའི་རྒྱལ་ཁམས་རྟག་ཏུ་བདེ་གྱུར་ཅིག ། གྲོགས་ངན་གཡོ་སྒྱུས་བསླུས་པའི་གཞན་དབང་གི ། རྟག་ཏུ་བདེ་འཁྲུགས་ཁོ་ནས་ས་སྐྱོང་བ། ། དེ་འདྲ་མཐོང་བ་ལྟ་ཞོག་ཐོས་ཀྱང་ནི། ། རྣ་བའི་བུ་གར་འོན་[B:103a]པ་ཐོབ་གྱུར་ཅིག ། དཔའ་ཞིང་བརྟུལ་ཕོད་མཛངས་པའི་རྣམ་དཔྱོད་ཀྱིས། ། མངའ་འབངས་བྱམས་པའི་ར་བར་འཛུད་པ་རྣམས། ། ཆོས་དང་སྲིད་ཀྱི་ལེགས་ཚོགས་ཡར་ཟླ་བཞིན། ། རྒྱས་ནས་འགྲོ་ཀུན་བདེ་བའི་བཀྲ་ཤིས་ཤོག། །།