R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡བ
[A:༡བ]༄༅། །རྒྱ་གར་སྐད་དུ། ཤྲཱི་ཝཱཾ་བྷཱུ་མི་པཎྜོ་སྶངྒུ་རུ་དྷརྨ་སྱ་སྭ་མཱི་སརྦ་སཏྭཱ་ནཱཾ་ཤཱསྟཱ་ནུཏྟ་རེ་བྷྱོ྅་ནུ་སཱ་རི་ཀ་མ་ཡཱ་བྷཱིཀྵྞ་པྲ་ན་མཱ་མི། བོད་སྐད་དུ། དཔལ་ལྡན་ས་སྐྱ་པའི་བླ་མ་དམ་པ་ཆོས་ཀྱི་རྗེ་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་བླ་ན་མེད་པ་རྣམས་ལ་རྗེས་སུ་འབྲང་བ་བདག་ཡང་ཡང་ཕྱག་བགྱིའོ། །མཐའ་ཡས་ཤེས་བྱའི་གནས་ཀུན་ཀུན་ཏུ་གཟིགས་པའི་གཟིགས་པ་སྒྲིབ་མེད་རབ་མངའ་བ། །བགྲང་ཡས་མ་ལུས་ལུས་ཅན་ཀུན་ལ་བརྩེ་བའི་བརྩེ་བས་རྟག་ཏུ་ཐུགས་བརླན་ཞིང་། །དཔག་ཡས་ལྷག་པའི་བདུད་དཔུང་དཔུང་འཇོམས་མཛད་པའི་མཛད་པ་རྨད་དུ་བྱུང་བ་ཅན། །བསམ་ཡས་འཇམ་དབྱངས་དབྱངས་ཅན་ལ་སོགས་ལྷ་ཡི་ལྷར་གྱུར་དབྱེར་མེད་བླ་མ་རྒྱལ། །ཐུབ་པ་དབང་པོའི་བསྟན་འཛིན་མཆོག་ཅེས་མཆོག་ཏུ་གྲགས་པ་གསལ་ལྡན་གང་། །གང་ཞིག་བྱང་ཕྱོགས་འགྲོ་བའི་སྐྱབས་གྱུར་སྐྱབས་མཆོག་མཁྱེན་