R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢ན
[A:༢ན]བརྩེ་ནུས་པའི་ཕུལ། །ཕུལ་བྱུང་རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཡང་དང་ཡང་དུ་བྱོན་པའི་བརྒྱུད། །བརྒྱུད་པ་དྲི་མེད་རིམ་བཞིན་བྱོན་ལ་དད་ཅིང་དད་པས་བདག་ཕྱག་འཚལ། །ལྷ་མཆོག་ཟུར་ཕུད་ལྔ་པའི་ཨུཏྤལ་སྔོ་ལྡན་འོད་གསལ་གྱི། །ལྷ་རིགས་སྤྲུལ་ནས་བྱོན་པའི་འཆི་མེད་དབང་པོ་མཆེད་གསུམ་དང་། །ལྷ་སྲས་རྣམ་པ་བཞི་དང་གཞན་ཡང་མ་བཟང་སྤུན་བདུན་སོགས། །ལྷ་ཡི་གདུང་རབས་སྤྲུལ་པའི་གར་མཁན་དེ་རྣམས་བསྔགས་པར་འོས། །ནང་ལྟར་མ་རིག་ལ་འཁོན་འཁོན་གྱི་མཚན་འཆང་རྡོ་རྗེ་འཛིན། །ཕྱི་ལྟར་སྲིན་པོ་ལ་འཁོན་འཁོན་ཞེས་འགྲོ་ལ་རབ་གྲགས་པའི། །མཚན་མཆོག་དོན་ལྡན་འཁོན་སྟོན་འཁོན་གྱི་དྲི་མེད་གདུང་འཛིན་པའི། །གསང་སྔགས་གྲུབ་པ་འཁོན་རྗེ་འཁོན་གྱི་སྐྱེས་མཆོག་རྣམས་ལ་འདུད། །ས་སྐྱའི་དབྱིག་འཛིན་རི་བོའི་ངོས་ནས་ལེགས་འོངས་