R77: དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ།

  • Pagination (Witness A): ༣༨༦
[A:༣༨༦]༄། །དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ་བཞུགས། ། ༄༅༅། །བསོད་ནམས་རྒྱ་མཚོའི་གླིང་ལས་འཁྲུངས། །བསྟན་པའི་རྒྱལ་མཚན་རྩེ་ལ་མཆོད། །འགྲོ་བའི་དཔལ་མགོན་ཆོས་ཀྱི་རྗེ། །ཕྲིན་ལས་བཟང་པོའི་ཞབས་ལ་འདུད། །མི་ཟད་རྒྱན་གྱི་སྐུ་གསུང་ཐུགས། །ཉིད་ཀྱི་ཡོན་ཏན་རྒྱ་མཚོ་ལས། །རྣམ་ཐར་ནོར་བུའི་ཕྲེང་བ་གང༌། །དད་པའི་སྙིམ་པས་བླངས་ཏེ་སྤེལ། །ལྷ་དང་བཅས་པའི་སྐྱབས་གནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་བླ་མ་དམ་པ་འགྲོ་བའི་མགོན་པོ་ཆོས་ཀྱི་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཀྱི་རྣམ་པར་ཐར་པ་བརྗོད་པར་ག་ལ་ནུས་ཏེ། ངེས་པར་འཇམ་པའི་དབྱངས་ཉིད་དུ་ཤེས་པར་བྱའོ། །འདིར་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ལ་ཡིད་ཆེས་ཤིང་ཁུངས་བཙུན་