R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 413
[A:413]བོས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །སོགས་དང༌། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་ནི་ཚོགས་ཀྱིས་རྙེད་པར་དཀའ། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་དང༌། རྒྱ་རོལ་ལས། མི་དང་སངས་རྒྱས་འབྱུང་རྙེད་དཀའ། །དད་པའང་ཤིན་ཏུ་རྙེད་པར་དཀའ། །མི་ཁོམ་བརྒྱད་སྤངས་རྙེད་པར་དཀའ། །ཆོས་ཉན་པ་ནི་གཙོ་བོ་ཡིན། །ཞེས་དང༌། དཀོན་བརྩེགས་ལས། ཐོས་པར་འདོད་པས་ཐོས་པ་འཕེལ། །ཐོས་པས་ཤེས་རབ་འཕེལ་བར་འགྱུར། །ཤེས་རབ་ཀྱིས་ནི་དོན་རྣམས་སྦྱོང༌། །དོན་ཐོབ་ནས་ནི་དེ་ཐོབ་འགྱུར། །ཞེས་སོ། །དམ་པའི་ཆོས་ཀྱི་དོན་ཕུན་སུམ་ཚོགས་པ་མ་གོ་ཡང་དམ་པའི་ཆོས་ཐོས་པ་ལ་ཕན་ཡོན་ཚད་མེད་དེ། དགེ་སློང་ཆོས་སྲེད་ཆུ་སྲིན་དུ་གྱུར་པའི་ཚེ་སངས་རྒྱས་ཀྱི་སྒྲ་ཙམ་ཐོས་པས་མིར་སྐྱེས་པ་དང༌། ཁྱེའུ་ཆུ་འབེབས་ཀྱིས་སངས་རྒྱས་ཀྱི་མཚན་བསྒྲགས་ཆོས་བཤད་པས་ཉ་ཁྲི་ཐམ་པ་ལྷར་སྐྱེས། དགེ་འདུན་སྲུང་གིས་མདོ་བཏོན་པ། དྲང་སྲོང་ལྔ་བརྒྱས་ཕག་ཉན་བྱས་པས་ཕྱིར་མི་འོང་བའི་འབྲས་བུ་ཐོབ། གཟུངས་རྣམས་ནས་གཟུངས་གང་དག་དུད་འགྲོའི་སྐྱེ་གནས་པ་རྣམས་ཀྱི་རྣ་ལམ་དུ་བསྒྲགས་པས་ངན་འགྲོ་ལས་ཐར་བ་སོགས་གསུངས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་རྒྱལ་བ་ཉིད་ཀྱིས་ཀྱང༌། ཀུན་དགའ་བོ་དང༌། འོད་སྲུང་ཆེན་པོ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ནས་བརྩམས་ཏེ་ཆོས་གསན་གསུངས་སོ། །དེས་ན་བདག་ནི། གསང་སྔགས་རྒྱུད་སྡེ་དང་མཐུན། སྤྱོད་པ་འདུལ་བ་དང་མཐུན། བཤད་པ་མངོན་པ་