R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 414
[A:414]དང་མཐུན། སྒོམ་པ་མདོ་སྡེ་དང་མཐུན་པ། པཎ་གྲུབ་རྣམས་ཀྱིས་བཤད། ལོ་ཙཱ་བས་བསྒྱུར། མཁས་པ་རྣམས་ལ་ཡོངས་སུ་གྲགས་པའི་ཆོས་རྣམས། དཔེར་ན། ཤི་བིའི་རྒྱལ་པོས་རང་གི་ཤ་ཁྲག་གིས་མཆོད་ནས་སྲིན་པོ་ལ་ཆོས་ཉན་པ་དང༌། རྒྱལ་པོ་ལེགས་བཤད་ཚོལ་གྱིས་ཆོས་ཀྱི་ཡོན་དུ་རང་ལུས་རི་བོའི་རྩེ་ནས་འཕངས་པ་དང༌། ཤི་བིའི་རྒྱལ་པོས་ལུས་ལ་མར་མེ་སྟོང་སྤར་བ་དང༌། རྗེ་བཙུན་འཇམ་དབྱངས་ད་དུང་འདྲེན་པ་རྣམས་ལས་ཐོས་པ་རྒྱ་མཚོ་བསག་སོགས། དེ་བཞིན་དུ་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསུང་རབ་མ་ལུས་པ་ཁོང་དུ་ཆུད་པར་གྱུར་ཅིག་གུ་སྙམ་དུ་སེམས་སོ། །འདིར་ལེའུ་དང་རྫོགས་སོ་བྲིས་པ་ལ་སྐྱོན་མེད་དེ། སོ་སོའི་གོ་རིམ་དང་བསྟུན་ཏེ་སླར་ཆོས་ཞུས་པ་རྣམས་དེ་དང་དེ་དག་གི་སྐབས་སུ་བྲི་རྒྱུའོ། ། ༈ བསྔོ་སྨོན་ཤིས་བརྗོད་ནི། འདིར་འབད་ངལ་བས་ཐོབ་ཡིག་བཀོད་གྱུར་པ། །མཁས་མཆོག་རྣམས་ཀྱི་དགོངས་པ་རྫོགས་སམ་སྙམ། །བླུན་རྨོངས་རྣམས་ལ་ཚུལ་འདིས་ཅི་ཞིག་བྱ། །སྐྱེས་བུ་འབྲིང་པོ་རྣམས་ལ་ཕན་ནམ་སྙམ། །དེ་ལྟར་ཐོས་སྦྱངས་ལས་བྱུང་དགེ་ཚོགས་རྒྱུ། །ཚད་མེད་ཞིང་ན་གྲངས་མེད་སངས་རྒྱས་རྣམས། །རྒྱལ་བའི་མྱུ་གུ་གསུང་སྐྱེས་དང་བཅས་པ། །ཆོས་ཀྱི་འཁོར་ལོ་གང་དུ་བསྐོར་བ་དེར། །སྲིང་མོ་ཐེ་ཚོམ་སེལ་བའི་ཏིང་འཛིན་ལྟར། །དེ་དག་རེ་རེའི་དྲུང་ན་ལུས་དབང་རེ། །སྤྲུལ་ནས་དམ་ཆོས་བདུད་རྩི་ཇི་སྙེད་པ། །ཐོས་ནས་ཇི་བཞིན་འཛིན་པའི་ཕྱིར་དུ་བསྔོ། ༈ །ལྷ་དབང་གཙུག་རྒྱན་ནོར་བུ་རིན་ཆེན་འདྲ། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དངོས་གྲུབ་ཀུན་འབྱུང་བུམ་པ་བཟང་པོ་བཞིན། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཀུན་ལ་ཕན་མཛད་ནམ་མཁའི་ནོར་བུ་ལྟར། །རྒྱལ་སྲས་ཉན་རང་རྣམས་ཀྱི་བཀྲ་ཤིས་ཤོག །འཇིགས་དང་བསྐལ་པའི་མཚོ་ཆེན་དང་