R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 415
[A:415]མཚུངས་པའི། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག །སྤྲིན་མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། །སངས་རྒྱས་མཁའ་དབྱིངས་གང་བའི་བཀྲ་ཤིས་ཤོག །ཆུ་སྟོད་ཟླ་བའི་ནམ་མཁའི་སྣང་ཚུལ་ལྟར། །དམ་ཆོས་ཆར་ཆེན་འབེབས་པའི་བཀྲ་ཤིས་ཤོག །ནོར་འཛིན་རྩི་བཅུད་རྐང་འཐུང་རྒྱས་པ་བཞིན། །དགེ་འདུན་ས་གཞི་གང་བའི་བཀྲ་ཤིས་ཤོག །རབ་དགའ་རྒྱལ་པོའི་པི་ཝང་རྒྱུད་སྟོང་ལྟར། །འཆད་ཉན་རྒྱུན་མི་ཆད་པའི་བཀྲ་ཤིས་ཤོག །འཁོར་ལོ་བསྒྱུར་རྒྱལ་བྱོན་ལྟར་འགྲོ་བ་ཀུན། །བདེ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །རྒྱལ་བ་སྲས་བཅས་རྒྱལ་བ་རྒྱ་མཚོ་ལ། །མྱུར་དུ་འགྲན་པར་ནུས་པའི་བཀྲ་ཤིས་ཤོག །ཐོབ་ཡིག་བུམ་པ་བཟང་པོ་ལས་བསྔོ་བ་སྨོན་ལམ་ལས་བཀྲ་ཤིས་རྒྱས་པར་བརྗོད་པས་ལེའུ་སྟེ་བཅུ་གསུམ་པའོ། །ཐོབ་ཡིག་བུམ་པ་བཟང་པོ་ཞེས་བྱ་བ་རེ་ཞིག་རྫོགས་སོ།། །།