R8: གྲུབ་ཆེན་རྣལ་འབྱོར་དབང་ཕྱུག་བིརྭ་པའི་ལོ་རྒྱུས།

  • Pagination (Witness A): ༡༤
[A:༡༤]ས་ཏ་སི་ཡ་ཨ་ཡིཏྟ། སུ་ར་བི་བྷ་ཝི་བིརྺ་ཨ་ཏིཏྟ་བྷནྡྷ། ཨུ་པ་ལ་ཧ་ར་ཡི་ན་ཚུ་བ་ཡི་པ་ན། ཨ་ཨི་ཡ་བ་བི་རུ་པ་བཱ་ཧུ་བིར་ན་ནི། ས་རི་ལ་གངྒ་བྷ་ཏ་སྟ་ཨི་རུ་ཐ། ཨུཏྤ་ལ་ཧ་ར་ཡི་ན་ཚུ་བ་ཡི་པ་ནི། ནི་མ་ལ་ཙིཏྟ་གཾ་བྷི་རེ་ག་རུ་ལ། ཨ་ཨི་ཡ་ས་བི་རུ་པ་བཱ་ཧུ་བི་ར་ན་ནི། ལོ་ལཱི་ཨི་མམྨ་བི་མ་ཀ་ར་དནྟ། ལོ་ལཱིའི་སུནྟི་ནི་མ་ཀ་ར་དནྟ། དོ་ཀ་རི་ཨ་ཚེའི་ཨཱ་དི་ཏྱ་བནྡྷ། ཨུཏྤ་ལ་ཧ་ཡི་ན་ཚུ་བ་ཡི་པ་ནི། དགེ་འདུན་གྱིས་བཟང་པོ་ཡིན་ནམ་མ་ཡིན་མ་བརྟགས་པར། །རྔ་བརྡུངས་འཁར་རྔ་བརྡུངས་ནས་ངན་པ་སྒྱུ་ཅན་ཞེས་བསྟན་པ། །ང་ཡི་དྲི་མ་མེད་པའི་སེམས་ནི་ཟླ་བ་ལྟ་བུར་རྟོགས་དཀའ་བ། །དེས་ན་བིརྺ་རིག་པ་མང་པོ་ཅན་ནོ། །འཇིགས་པའི་དབང་པོ་བཀས་ནས་གདན་དང་འཇིགས་པར་བྱེད་ཅིང༌། །བིརྺ་ཆང་འཐུང་ཉི་མ་རྟིང་པར་འཛུད་པར་བྱེད་པ། །དེ་ནི་ཨུཏྤལ་བླངས་ནས་ཆུ་ཡིས་མ་གོས་པ། །དེས་ན་བིརྺ་རིག་པ་མང་པོ་ཅན་ནོ། །གངྒཱ་བཀག་ནས་རྒྱུན་ལས་བཟློག་སྟེ་འབབ། །ཨུཏྤལ་བཏོན་ནས་ཆུ་ཡིས་མ་གོས་པ། །དྲི་མེད་སེམས་ནི་ཟབ་མོ་རྟོགས་པར་དཀའ། །དེས་ནི་བིརྺ་རིག་པ་མང་པོ་ཅན། །འཇིག་རྟེན་འཇིག་རྟེན་མུན་པར་མ་བྱེད་དང༌། །འཇིག་རྟེན་ཆང་ལ་ཐེ་ཚོམ་མ་བྱེད་དང༌། །དགེས་ན་ཡིད་ཀྱིས་ཉི་མ་རྟེང་པར་འཛུད། །ཨུཏྤལ་བླངས་ནས་ཆུ་ཡིས་མ་གོས་པ། །ཨི་ཐི།། །།