R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༥༡
[A:༡༥༡]སྐྱའི་གཙུག་ལག་ཁང་ནས་ནུབ་ཕྱོགས་སུ་བགྲོད་པའི་ཡུལ་གྱི་ལྗོངས་རྩོད་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་མང་མཁར་མུ་གུ་ལུང་དང་ཁད་ཉེ་བའི་ས་ཕྱོགས་མང་མཁར་དབྲད་ཀྱི་དགོན་པ་ཐུབ་བསྟན་དགེ་འཕེལ་ཞེས་བྱ་བའི་རི་བོའི་སྤོ་ལ་གནས་པའི་དུས་སུ། སྒྱུར་བྱེད་ཅེས་བྱ་བའི་ལོའི་ནག་པས་ཉ་བའི་ཡང་ངོའི་ཚེས་བཅུ་ལ་རང་གི་བསམ་གཏན་གྱི་ཁང་བུར་ལེགས་པར་སྦྱར་བའི་ཡི་གེ་པ་ནི་ཤར་མདོ་ཁམས་ཀྱི་ལུང་རིགས་སྨྲ་བ་མགོན་པོ་འོད་ཟེར་གྱིས་བགྱིས་སོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །སརྦ་མངྒ་ལཾ།། །།