R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): i-༡
[A:i-༡]དཔེ་སྐྲུན་གསལ་བཤད།
བསྟན་རྩིས་གསལ་བའི་ཉིན་བྱེད་ལྷག་བསམ་རབ་དཀར་ཞེས་བྱ་བ་འདི་ནི་མཁས་ཤིང་གྲུབ་པའི་བདག་ཉིད་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་སྡོམ་གསུམ་རབ་དབྱེ་དང་། རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པའི་ཆོས་ལ་འཇུག་པའི་སྒོ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་རྒྱལ་རབས་བཅས་ལ་ཁུངས་བཅོལ། མཚུངས་མེད་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པ་དུས་གསལ་རྩ་འགྲེལ་དང་། ཐུགས་སྲས་བྱམས་པ་དཀོན་མཆོག་དཔལ་གྱིས་མཛད་པའི་རེའུ་མིག་གསལ་བར་བྱེད་པའི་མིག་ཏུ་རྩིས། གཞན་ཡང་མཁས་གྲུབ་མང་པོས་མཛད་པའི་བསྟན་རྩིས་དང་། ལོ་རྒྱུས་དེབ་ཐེར། རྣམ་ཐར་སོགས་སུ་འཁོད་པའི་ལོ་ཚིགས་དང་། ནང་དོན་གྱིས་ཁ་བསྐང་སྟེ་རྩོམ་པར་མཛད་པའི་བསྟན་རྩིས་ངོ་མཚར་ཅན་འདི་ལ་ཐུན་མོང་དང་། ཐུན་མོང་མིན་པའི་དགེ་མཚན་གཙོ་ཆེ་བ་ལྔ་ཡོད། དང་པོ། བསྟན་པའི་གནས་ཚད་རྩིས་ཀྱིས་གཏན་ལ་འབེབས་པར་ཐོག་མར་སྟོན་པ་ཤཱཀྱ་ཐུབ་པའི་འདས་ལོ་ངོས་གཟུང་དགོས་པ་དེ་ལ་ས་སྐྱ་པའི་ལུགས་དང་། ཇོ་བོ་རྗེའི་ལུགས། ཁ་ཆེ་པཎ་ཆེན་གྱི་ལུགས། དུས་འཁོར་ལུགས་བཅས་ལུགས་སོ་སོའི་བཞེད་པ་སྟོན་པ་ལྷུམས་སུ་ཞུགས་པ་དང་། སྐུ་བལྟམས་པ། མྱ་ངན་ལས་འདས་པ་བཅས་ཀྱི་གནས་ལུགས་ཕྲ་རགས་ཅི་རིགས་དང་འབྲེལ་བའི་བསྟན་རྩིས་འདིའི་འདས་ལོའི་རྩིས་མཚམས་རབ་བྱུང་དགུ་པ་ཤིང་ཕོ་