R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༣༢༢
[A:༣༢༢]དྲིན་ཐོབ་ཅིང་། ཐམས་ཅད་མཁྱེན་པ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བཀའ་དྲིན་ལས་རིག་བའི་གནས་ལ་བློ་གྲོས་ཅུང་ཟད་གསལ་བ་ལ། རྡོ་རྗེ་འཆང་བསོད་ནམས་ཆོས་འཕེལ་གྱི་སྐུ་དྲིན་ལས་སྙན་རྒྱུད་ཟབ་མོའི་ཆོས་ལ་དད་པ་ཐོབ་པ་ཡང་དག་འཇོག་ལ་གཅིག་ཏུ་འདུན་པའི་བློ་ཅན་ངག་རིག་པ་དགྲ་འདུལ་དབང་པོ་ལ། ཡུལ་དབུས་ཀྱི་སྨན་ལྗོངས་སུ་སྐྱེས་པའི་དགེ་སློང་ལོ་ཙཱ་བ་རྣམ་དཔྱོད་ཅན་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བས་ཀ་ལཱ་པའི་སྒྲ་རིག་ཡོངས་སུ་རྫོགས་པ་དང་། སྙན་ངག་མེ་ལོང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས། མངོན་བརྗོད་ལ་སོགས་པའི་ཐ་སྙད་གཞུང་ལུགས་རྣམས་ལེགས་པར་ཉན་ཏེ་མཁས་པར་བྱས་པའི་རྗེས་སུ་ལྷག་བསམ་དད་པས་ཉེ་བར་བསྐུལ་བ་ལ་བརྟེན་ནས། ཉིན་བྱེད་དབང་པོ་སྨིན་ལེགས་དགའ་མའི་ཁྱིམ་དུ་རྩེ་དགས་རོལ་པའི་ཁྲུམས་ཟླ་དམར་པོའི་ཕྱོགས་ཀྱི་དགའ་བ་གསུམ་པའི་ཚེས་ལ་རང་གི་བསྟི་གནས་ལུགས་གཉིས་ཀྱི་འདུན་ས་འདར་སྟོད་ཡང་རྫོགས་དཀར་པོའི་བ་གམ་རིག་གནས་མངོན་པར་བཀྲ་བའི་ལྡིང་ཁང་དུ་བྲིས་པའོ། །ལན་གཅིག་ཞུས་དཔྱད། མངྒ་ལཾ༎ ༎