R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༩
[A:༢༩] ལ་རུས་པ་ལྟ་བུ་ལ་དེ་ལྟ་བུའི་བྱིན་རླབས་ཆགས་ཀྱི་མི་བརྟན་པ་ཤ་དང་། གོས་སོགས་ལ་དེ་ལྟ་བུའི་བྱིན་རླབས་མི་ཆགས་པར་བཤད། དེ་ནས་རབ་དབྱེ་ལས། དང་པོ་བྱས་པའི་རྗེས༎ ཡངས་པ་ཅན་གྱི་དགེ་སློང་གིས༎ སངས་རྒྱས་བསྟན་དང་འགལ་བ་ཡི༎ མི་རུང་བ་ཡི་གཞི་བཅུ་བྱས༎ ཞེས་སོགས་ལྟར། སྟོན་པའི་འདས་ལོ་ནས་ལོ་བརྒྱ་དང་བཅུ་པ་མེ་མོ་གླང་གི་ལོར། གྲགས་པ་ལ་སོགས་པ་དགྲ་བཅོམ་པ་བདུན་བརྒྱས་ཡུལ་ཡངས་པ་ཅན་དུ། སྦྱིན་བདག་ཆོས་རྒྱལ་མྱ་ངན་མེད་ཀྱིས་བྱས་ཏེ་མི་རུང་བའི་གཞི་བཅུ་སུན་ཕྱུང་བའི་སྒོ་ནས་བཀའ་བསྡུ་བ་གཉིས་པ་མཛད། འོག་ནས་འབྱུང་བའི་འདས་ལོ་ནས། ཞེས་པ་ཐམས་ཅད། སྟོན་པ་སྐུ་འདས་པའི་ཕྱི་ལོ་ས་ཕོ་བྱི་བ་ཡིན་པར་ཤེས་པར་མཛོད་ཅིག། འདས་ལོ་ནས་ལོ་བརྒྱ་ལོན་པ་མེ་མོ་ཡོས་རབ་བྱུང་གི་
སྤྱི་ལོའི་གོང་གི་ལོ་༢༠༣༣
ལོ། ཁ་ཆེར་མིའི་འགྲོ་བ་དང་སངས་རྒྱས་ཀྱི་བསྟན་པ་སོགས། དགྲ་བཅོམ་པ་ཉི་མ་གུང་པ་ཞེས་བྱ་བས་བཙུགས་པ་ཡིན་ལ། དེ་ཡང་སྟོན་པས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པར་དགྲ་བཅོམ་པ་ཉི་མ་གུང་པ་ཞེས་པ་ཞིག་འབྱུང་བར་འགྱུར་ཏེ། ཞེས་སོགས་དང་། ཁ་ཆེའི་ཡུལ་ནི་སྟན་དང་གནས་མལ་གྱི་མཆོག་གོ་ཞེས་སོགས་ལུང་བསྟན་པ་ལྟར་ཀུན་དགའ་བོ་མྱ་ངན་ལས་འདའ་བར་མངོན་དུ་ཕྱོགས་པའི་ཚེ། མ་སྐྱེས་དགྲ་སོགས་རྒྱལ་པོའི་ཁབ་དང་། ཡངས་པ་ཅན་སོགས་གདུང་ལ་མི་མཐུན་པའི་རྩོད་པ་འབྱུང་གི་དོགས། ཆུ་བོ་གང་གཱའི་དབུས་སུ་གྲུར་ཞུགས་ཏེ་བཞུགས་པ་ན། དྲང་སྲོང་འཁོར་ལྔ་བརྒྱ་དང་བཅས་པ་ཞིག་གིས་རབ་ཏུ་བྱུང་བར་གསོལ་བས། གང་གཱའི་དབུས་སུ་གླིང་སྤྲུལ་ཏེ། གསོལ་བའི་ལས་བྱས་པས་དེ་རྣམས་