R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༤༣
[A:༤༣]བས་ གཉའ་ཁྲི་བཙན་པོར་བཏགས་ཟེར་བའི་ལུགས་དང་། ཁ་ཅིག་ཤཱཀྱའི་རྒྱལ་རྒྱུད་ལས་ཆད་པ་ཡིན་ཟེར་བ་སོགས་ལུགས་མང་དག་ཡོད་ཅིང་། གང་ནའང་གཉའ་ཁྲི་བཙན་པོ་བྱོན་པའི་དུས་ཚོད་ནི། འདས་ལོ་ནས་ལོ་སྟོང་དང་བརྒྱད་བརྒྱ་ཉི་ཤུ་འདས་པའི་ཉེར་གཅིག་པ་ས་ཕོ་སྤྲེལ་ལོར་
སྤྱི་ལོའི་སྔོན་གྱི་ལོ་༣༡༣
གཉའ་ཁྲི་བཙན་པོ་བྱོན་པ་ཡིན་ལ། གཉའ་ཁྲི་བྱོན་པའི་ས་སྤྲེལ་ནས་ད་ལྟའི་ཤིང་ཕོ་བྱི་བ་འདི་སྟོང་དང་བརྒྱད་བརྒྱ་དོན་དྲུག་འདས་པའི་དོན་བདུན་པ་ཡིན་ནོ་ཞེས་བཤད་པར་བྱའོ།
དེ་ནས་གཉའ་ཁྲི་བཙན་པོམུ་ཁྲི་བཙན་པོདེང་ཁྲིསོ་ཁྲིམེ་ཁྲིགདགས་ཁྲིགྲི་གུམ་བཙན་པོ་དང་བདུན་ལ་གནམ་གྱི་ཁྲི་བདུན་ཟེར། ཐ་མའི་སྲས་སྤུ་ལྡེ་གུང་རྒྱལ་ནི་བར་གྱི་སྡེ་གཅིག་ཡིན་ཟེར། དེ་ནས་ཨ་ཤོ་ལེགསཨི་ཤོ་ལེགས། དེ་ཤོ་ཁ་ལེགསགུ་རུབ་ལེགསབྲོམ་རྗེ་ལེགསཐོ་ཤོ་ལེགས་དྲུག་ལ་སའི་ལེགས་དྲུག་ཟེར། ལྡེ་རྨུ་གུལྡེ་རྣོལ་ནམལྡེ་རྣོལ་པོལྡེ་གསེ་རྣོལ་ནམལྡེ་སྨོན་ལམལྡེ་རྒྱལ་པོ་བརྒྱད་ལ་(ལྡེ་གཉིས་མ་ཚང) ལྡེ་བརྒྱད་ཟེར། ཐོ་རེ་ལོང་བཙནཁྲི་སྒྲ་གཟུངས་བཙནཁྲི་ཐོག་རྗེ་ཐོ་བཙན་བཞི་ལ་(ཁྲི་གཅིག་མ་ཚང) བཙན་བཞི་(སྐབས་འདིའི་ལྡེ་གཉིས་དང་། ཁྲི་གཅིག་ཆད་པ་བཙན་པོ་སུ་ཡིན་ཞིབ་འཇུག་གནང་བདེའི་ཆེད་ཞུ་ན། བསྟན་རྩིས་འདིའི་གཞི་འཛིན་ཡུལ་གྱི་ཡིག་ཆའི་གྲས་གྲགས་པའི་རྒྱལ་རབས་ནང་ལྡེ་མནམའབྲུལ་པོ་གཞུང་བཙནལྟོ་རྨན་བུམལྷོ་རྣོལ་ནམལྡེ་རྣོལ་པོསྔ་སེ་རྣོལ་ནམལྡེ་སེ་རྣལ་སོ། ལྡེ་རྒྱལ་པོ་སྟེ་ལྡེ་བརྒྱད། རྒྱལ་ཐོ་ལོས་