[A:༤༤]བཙན། ཁྲི་བཙན་ནམ། ཁྲི་སྒྲ་ཡུངས་བཙན། ཁྲི་ཐོག་རྗེ་ཐོག་བཙན་ཏེ་བཙན་བཞིའོ། ཞེས་གསལ། དཔེ་སྒྲིག་པས) ཟེར་ཏེ་དེ་ལྟར་ཡང་གྲགས་པས། འོན་ཀྱང་མི་རྗེ་ལྷས་མཛད་གདུང་རབས་ནི། ཉི་ཤུ་དྲུག་ལ་དྲུག་བརྒྱ་དྲུག་ཅུ་ཐལ། ཞེས་པ་ལྟར་གྱི་གདུང་རབས་ཉེར་དྲུག་གི་ངོ་ལ་ལོ་གྲངས་དྲུག་བརྒྱ་དྲུག་ཅུ་སོང་སྟེ་དེའི་བར་ལ་བོད་དུ་བསྟན་པ་མ་བྱུང་ཞེས་ཤེས་པར་བྱའོ།
འོ་ན་དུས་ནམ་གྱི་ཚེ་དམ་པའི་ཆོས་ཀྱི་དབུ་བརྙེས་སྙམ་ན། རྗེ་བཙུན་པས། སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་དག་དང་༎ ཤིན་ཏུ་སྐྱིད་པའི་གདུང་རབས་ཕྱེད་དང་བཞི༎ དེ་ལྟར་གདུང་རབས་བཞི་བཅུ་ཐམ་པ་སྟེ༎ འདི་ཡིས་བོད་ཁམས་སྤྱི་ཡི་སྐྱིད་དེ་འཁོར༎ ཞེས་པ་ལྟར་གྱི་སྐྱིད་པའི་གདུང་རབས་ཕྱེད་དང་བཅུའི་དང་པོ།
ལྷ་ཐོ་ཐོ་རི་སྙན་བཙན་གྱི་སྐུ་ངོ་ལ་ཆོས་ཀྱི་དབུ་བརྙེས་ཞེས་བྱ་སྟེ། དེ་ཡང་འདས་ལོ་ནས་ཉིས་སྟོང་བཞི་བརྒྱ་དང་བརྒྱད་ཅུ་རྩ་གཅིག་པའམ་
སྤྱི་ལོ་༣༤༨
གཉའ་ཁྲི་བྱོན་ནས་དྲུག་བརྒྱ་དང་རེ་གཅིག་པ་ས་ཕོ་སྤྲེལ་ལོར་ཐོ་ཐོ་རི་ཁོང་བལྟམས། ཁོང་གི་ང་དགུ་ལོན་པ་ཡན་ལ་ཆོས་ཀྱི་མིང་ཙམ་ཡང་མེད་པ་སྟེ། ཁོང་གི་དྲུག་ཅུ་ལོན་པ་འདས་ལོ་ནས་ཉིས་སྟོང་ལྔ་བརྒྱ་དང་སོ་དགུ་འདས་པའི་བཞི་བཅུ་པ་མེ་མོ་ལུག་གི་ལོར་སྤྱི་ལོ་ ༤༠༧
རྒྱལ་པོ་ཕོ་བྲང་ཡུམ་བུ་བླ་སྒང་གི་རྩེ་ན་བཞུགས་པའི་ཚེ་ནམ་མཁའ་ནས་ཟ་མ་ཏོག་ཅིག་བབས་པ་ཁ་ཕྱེ་བས། ཟ་མ་ཏོག་བཀོད་པ། པང་ཀོང་ཕྱག་རྒྱ་པ། ཡི་གེ་དྲུག་པ། གསེར་གྱི་མཆོད་རྟེན་ཁྲུ་གང་པ་རྣམས་བྱུང་སྟེ། མིང་གཉན་པོ་གསང་བར་བཏགས་ནས་མཆོད་པས་དམ་པའི་ཆོས་ཀྱིས་གངས་ཅན་གྱི་འགྲོ་ལ་བརྩེ་བའི་བྱིན་རླབས་དང་ནུས་པས་རྒྱལ་པོ་ལོ་རེ་གཅིག་པར་འགྲོ་རྒྱུ། ང་དགུ་པར་ལོག་སྟེ་