R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༦༩བ-༥༢༨
[A:༡༦༩བ-༥༢༨] ཆིབས་དགེ་བསྙེན་རྣམ་སྲས་འཕེལ་གནས་འཕོ་བ་ན་མིག་ནས་འོད་ཀྱི་རྣམ་པ་ནམ་མཁར་སོང་བ་འཇལ་དཀར་པོའི་ཕུང་པོ་ལྷའི་བུ་དང་བུ་མོའི་གཟུགས་བརྙན་ལྟ་བུར་གྱུར་པ་དང། ཆིབས་སྔོ་ཆེན་རྣམ་སྲས་ནོར་བུའི་ཕུང་པོ་བྱ་ལ་འཐོར་བའི་ཚེ། ནམ་མཁའ་ལ་འཇའ་ཚོན་སྣ་ལྔ་དང། མེ་ཏོག་གི་ཆར་དང། ལྷའི་སིལ་སྙན་གྱི་སྒྲ་དུ་མ་སྒྲོག་པ་སོགས་མདོར་ན་བློའི་སྤྱོད་ཡུལ་ལས་འདས་པའི་ངོ་མཚར་གྱི་ལྟས་འབྱུང་ལུགས་སོགས་འབྲེལ་ཚད་དོན་ལྡན་ཡིན་པར་གདོན་མི་འཚལ་བའི་ངེས་པ་ཐོབ།།།།