R869: ས་སྐྱ་པའི་གདུང་རབས་བཞུགས་པའི་དབུ་ཕྱོགས་ལགས་སོ།།

  • Pagination (Witness A): ༢ན
[A:༢ན]༄༅། །ཙམ་ཞིག་བརྗོད་ན། ལྷ་མཐོའོ་དེར་སྙན་བཙན་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་ཐུགས་བརྙེེས། སྲོང་བཙན་སྒམ་པོའི་སྐུ་རིང་ལ་སྲོལ་བཏོད། ལོ་ཙྪ་བ་ཐོན་མི་ལེགས་དག་བྱུང། ཁྲི་སྲོང་ལྡེ་བཙན་སྐུ་རིང་ལ་དར་ཞིང་རྒྱས་པར་མཛད་དེ། མཐོ་སྟོབས་ཀྱི་དབང་ཕྱུག་སློབ་དཔོན་པདྨ་ཨ་ཀཱ་ར་དང། མཁྱེན་རབས་ཀྱི་དབང་ཕྱུག་སློབ་དཔོན་བོ་དྷི་སཏྭ་ཤཱནྟ་རཀྵི་ཏ་ལ་སོགས་པ་པཎྜི་ཏ་མང་པོ་བྱོན་ཞིང་བོད་ཡུལ་དུ་བཙུན་པ་ལ་སྔ་བ་འདི་རྣམས་རབ་ཏུ་བྱུང་བར་མཛད་དེ། དབའ་ར་ན་རཀྵི་ཏ། དབའ་ཛྙ་ནནྡྲེ་རཀྵི་ཏ། རད་ནེནྡྲ་རཀྵི་ཏ། སུ་ག་ཝརྨཱ་རཀྵི་ཏ། བཻ་རོ་ཙ་ན་རཀྵི་ཏ། ནཱ་གེནྡྲ་ར་ཀྵི་ཏ་རྣམས་སྟེ་སད་མི་མི་བདུན་ཞེས་གྲགས་སོ། འདི་རྣམས་ལ་སྐ་བི་ཤྲི་ཀུ་དི་རཀྵི་ལ་སོགས་པ་ལོ་ཙྪ་བ་ཆེན་པོ་བརྒྱ་རྩ་བརྒྱད་ཀྱིས་བློ་སྦྱངས་ལ། དེ་རྣམས་ལ། ཅ་རོ་ནཱ་ག་དྷཱ་ཛ་ལ་སོགས་པའི་ལོ་ཙྪ་བ་སྟོང་གིས་བློ་སྦྱངས་མཛད་པར་གྲག་གོ། ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ནང་བློན་ལ་གཏོགས་པ་འཁོན་དཔལ་པོ་ཆེ་ཞེས་བྱ་བ་ལ་སྲས་བཞི་འཁྲུངས་པའི་ཆེ་བ་ཁྲི་མཛེས་ལྷ་ལེགས། གཉིས་པ་ཚེ་ལ་དབང་ཕྱུག། གསུམ་པ་ཀླུའི་དབང་པོ་བསྲུང་བ་སྟེ། སད་མི་མི་བདུན་གྱི་ནང་ན་བློ་གྲོས་གསལ་བར་གྲགས། བཞི་པ་ཚེ་འཛིན་ཞེས་བྱ་བའི་སྲས་པོ། སློབ་དཔོན་པད་མའི་དངོས་སློབ་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་དེའི་སྲས་ཤེས་རབ་ཡོན་ཏན། དེའི་སྲས་ཡོན་ཏན་འབྱུང་གནས། དེའི་སྲས་ཚུལ་ཁྲིམས་རྒྱལ་པོ། དེའི་སྲས་རྡོ་རྗེ་གཙུག་གཏོར། དེའི་སྲས་