R869: ས་སྐྱ་པའི་གདུང་རབས་བཞུགས་པའི་དབུ་ཕྱོགས་ལགས་སོ།།

  • Pagination (Witness A): ༢བ
[A:༢བ]དགེ་སྐྱབས། དེའི་སྲས་དགེ་མཐོང། དེའི་སྲས་བལ་པོ། དེའི་སྲས་ཤཱཀྱ་བློ་གྲོས། དེའི་སྲས་གཉིས་ཀྱིས་གཅེན་པོ་ཤེས་རབ་ཚུལ་ཁྲིམས། གཅུང་དཀོན་མཆོག་རྒྱལ་པོ། དེའི་སྲས་ས་ཆེན་ཀུན་དགའ་སྙིང་པོ། དེའི་སྲས་སྐུ་མཆེད་བཞི་ལ། གཅེན་པོ་ཀུན་དགའ་འབར་རྒྱ་གར་དུ་སྐུ་གཤེགས། གཉིས་པ་རིན་པོ་ཆེ་བསོད་ནམས་རྩེ་མོ། གསུམ་པ་རྗེ་བཙུན་གྲགས་པ་རྒྱལ་མཚན། བཞི་པ་སློབ་དཔོན་དཔལ་ཆེན་འོད་པོ། དེའི་སྲས་སྐུ་མཆེད་གཉིས་འཁྲུངས་པའི་གཅེན་པོ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ། གཅུང་པོ་བསོད་ནམས་རྒྱལ་མཚན། དེ་ལ་བཙུན་ལོ་ལྔ་ཡོད་པའི་ཆེན་མ་ཇོ་ཇོ་ཀུན་སྙིང་ལ་སྲས་གཉིས་བལྟམས་པའི་གཅེན་པོ་བླ་མ་དམ་པ་འཕགས་པ། གཅུང་འགྲོ་མགོན་ཕྱག་ན། དེའི་སྲས་དྷརྨ་པ་ལ་རཀྵི་ཏ། སློབ་དཔོན་བསོད་ནམས་རྒྱལ་མཚན་གྱི་བཙུན་མོ་གཉིས་པ་ཇོ་མོ་འབྲོ་ལ། ལྕམ་སྲིང་གཉིས་བལྟམས་པའི་སྲས་སློབ་དཔོན་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ། སྲས་མོ་སློབ་དཔོན་མ་མདོ་སྡེ། བཙུན་མོ་གསུམ་པ་གུང་ཐང་རྩད་པོའི་སྲས་མོ་ལྷ་གཅིག་མཛེས་མ་ལ་སྲས་མོ་གཉིས་བལྟམས་པ་སློབ་དཔོན་མ་བསོད་ནམས་འབུམ་དང། སློན་དཔོན་མ་ཉི་མ་འབུམ་བཙུན་མོ་བཞི་པ་ལྷ་གཅིག་མཛེས་མའི་ཉེ་གནས་མ་ཇོ་ཇོ་རྡོ་རྗེ་ལྡན་གྱི་སྲས་པོ་སློབ་དཔོན་ཡེ་ཤེས་འབྱུང་གནས། བཙུན་མོ་ལྔ་པ་ཇོ་ལྕམ་ཧོར་མོའི་སྲས་མོ་སློབ་དཔོན་མ་རིན་ཆེན་འབྱུང་གནས། སློབ་དཔོན་ཡེ་ཤེས་འབྱུང་