R869: ས་སྐྱ་པའི་གདུང་རབས་བཞུགས་པའི་དབུ་ཕྱོགས་ལགས་སོ།།

  • Pagination (Witness A): ༣ན
[A:༣ན] ༄༅། །གནས་ཀྱི་སྲས། བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱི་ཇོ་མོ་ལ་ལ་སྲས་ལྕམ་སྲིང་བཅུ་གསུམ་འཁྲུངས་པའི་གཅེན་པོ་སློབ་དཔོན་ཆེན་པོ་བསོད་ནམས་བཟང་པོ་དབང་ཡུལ་རྒྱ་མོ་ལ་འཁྲུངས། མ་གཅིག་ཞང་བཙུན་མ་ལ་འཁྲུངས་པའི་སྲས། བླ་མ་ཆེན་པོ་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། མ་གཅིག་ཀུན་དགའ་ནམ་མཁའི་རྒྱན་ལ་སྲས་གཉིས་འཁྲུངས་པའི་གཅེན་པོ། བླ་མ་ཀུན་དགའ་ལེགས་པའི་འབྱུང་གནས་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། གཅུང་པོ་བླ་མ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། མ་གཅིག་ནམ་མཁའ་རྒྱལ་མོ་ལ་སྲས་གསུམ་འཁྲུངས་པའི་གཅེན་པོ། ཉི་མ་རྒྱལ་མཚན་དཔལ་བཟང་པོ། གཉིས་པ་ནམ་མཁའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། གསུམ་པ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ། མ་གཅིག་གཞོན་ནུ་འབུམ་ལ་སྲས་གསུམ་འཁྲུངས་པའི་གཅེན་པོ་བླ་མ་ཀུན་དགའ་ཉི་མ་རྒྱལ་མཚན་དཔལ་བཟང་པོ། གཉིས་པ་བླ་མ་དོན་ཡོད་རྒྱལ་མཚན་དཔལ་བཟང་པོ། གསུམ་པ་བླ་མ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། མ་གཅིག་ཉི་མ་རིན་ཆེན་ལ་ལྕམ་སྲིང་གཉིས་འཁྲུངས་པའི་གཅུང་པོ་བླ་མ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། ལྕམ་མོ་སློབ་དཔོན་ཀུན་དགའ་འབུམ་ལགས་སོ། གདུང་རྒྱུད་རྣམ་པར་དག་པ་འདི་རྣམས་ཀྱིས་བོད་དང་བོད་ཆེན་པོ་དང། རྒྱ་ནག་དང། ཧོར་ཡུལ། ཡུ་གུར་