R869: ས་སྐྱ་པའི་གདུང་རབས་བཞུགས་པའི་དབུ་ཕྱོགས་ལགས་སོ།།

  • Pagination (Witness A): ༣བ
[A:༣བ]ཀའུ་ལེ། སྨན་རྩེ་ལ་སོགས་པ་རྣམས་སུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་མཛད་ཅིང། བསྟན་པའི་སྒྲོན་མེ་ཆེན་པོར་གྱུར་ཏོ། སྙིགས་དུས་གངས་རིའི་ཁྲོད་འདིར་ཐུབ་དབང་གཉིས་པ་དཔལ་ལྡན་ས་སྐྱ་པའི། གདུང་རྒྱུད་རྣམ་དག་དྲི་མེད་ཕྲེང་འདིས་བསྟན་པའི་སྒྲོན་མེ་ལེགས་སྤར་ནས། སྐྱེ་འགྲོའི་བློ་མུན་དྲུངས་ནས་མཅོམ་ཏེ་ཐར་པའི་གྲོང་དུ་ཕྱིན་མཛད་པའི། འགྲོ་བའི་འདྲེན་པ་མཚུངས་པ་མེད་རྣམས་རྟག་ཏུ་བཞུགས་ཤིང་རྒྱལ་གྱུར་ཅིག། དེ་ལྟར་རྒྱལ་སྲས་གདུང་རབས་རྣམས།། ཅུང་ཟད་འདིར་སྡེབས་དགེ་བ་དེས།། འགྲོ་རྣམས་སྲིད་མཚོ་ལས་བརྒལ་ནས།། འགྲོ་མགོན་མཆོག་རྣམས་མཉེས་བྱེད་ཤོག།། བསྟན་པའི་སྒྲོན་མེ་ཤིན་ཏུ་གསལ་བར་མཛད་ཅིང་འགྲོ་བ་རྣམས་ཀྱི་བློའི་རྒུད་པ་མཐའ་དག་སེལ་བར་མཛད་པའི་བདག་རྐྱེན་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟར་གྱུར་པའི་བླ་མ་དམ་པ་རྣམས་ཀྱི་གདུང་རབས་ཅུང་ཟད་ཙམ་བརྗོད་པ་འདི་ནི། དགའ་བ་ཅན་གྱི་ལོ་དབོའི་ཟླ་བའི་ཡར་ངོའི་ཚེས་བརྒྱད་ལ་བཙུན་པ་རྒྱལ་བའི་མཐའ་ཅན་གྱིས་དཔལ་ས་སྐྱར་སྦྱར་བའོ།།src: text ends here! ༑ ཀ་ལ་བིང་ལྟར་སྙན་ཅིང་དོན་བཟང་བའི།། ཁ་ལྟར་གདམས་པའི་མན་ངག་མདོ་ཙམ་ཞིག།། ག་ལེ་བཤད་ཀྱི་སྒྲ་དོན་དཔྱོད་གྱིས་ལས།། ང་རྒྱལ་ལ་སོགས་སྤོང་ལ་མཉན་པར་གྱིས།། ཅ་ཅོ་དར་དིར་གླུ་དང་འདོད་ཡོན་དང།། ཆ་ལུགས་མཛེས་པའི་རྒྱན་དང་འཁོར་མང་ལྡན།། ཇ་ཆང་གསེར་