R873: དཔལ་ལྡན་ས་སྐྱ་པའི་འཁོན་གྱི་གདུང་རབས།

  • Pagination (Witness A): ༩བ
[A:༩བ]པས་བཙུན་མོ་གཉིས་ཁབ་ཏུ་བཞེས་པའི་དང་པོ། བླ་བྲང་ཉི་ཐོག་པའི་བུ་སྲིང་མོ། མ་ཅིག་ནམ་པ་ལ། སློབ་དཔོན་ཆེན་པོ་བློ་གྲོས་རྒྱལ་མཚན་པ་འཁྲུངས། བཞི་ཐོག་གི་གོག་པ་ལ་བཞུགས། བཙུན་མོ་གཉིས་པ། སྲས་མོ་ཆེ་བ། བླ་མ་མཉམ་མེད་པའི་དབོན་མོ། མ་གཅིག་དགེ་མ་ལ། སློབ་དཔོན་ཆེན་པོ་གྲགས་པ་བློ་གྲོས་པ་དང། ཀུན་དགའ་བློ་གྲོས་སྐུ་མཆེད་གཉིས་འཁྲུངས། དཔའི་ལེན་དབང་གྲགས་པ་རྒྱལ་མཚན་པས། བཙུན་མོ་གཉིས་ཁབ་ཏུ་བཞེས་པའི། དང་པོ་བྱང་པ་དཔོན་ཆེན་ནམ་མཁའ་གཏན་པའི་ལྕམ་མོ། མ་གཅིག་ལྷ་རིན་ལ། གཅེན་ཏྭའི་དབེན་ཀུན་དགའ་ལེགས་པ། གཅུང་དབང་རྣམས་སྲས་རྒྱལ་མཚན་པ་འཁྲུངས། བཙུན་མོ་གཉིས་པ་སྟག་ཚང་པ་མ་གཅིག་སྲས་འདྲེན་ལ། སློབ་དཔོན་ཆེན་པོ་འཇམ་དབྱངས་ཆོས་རྒྱལ་འཁྲུངས། བླ་མ་ཆེན་པོ་ཀུན་དགའ་རྒྱལ་མཚན་པས། དཔོན་མོ་ཞལ་ལུ་མ་ལ། སློབ་དཔོན་རིན་པོ་ཆེ་ནམ་མཁའ་རྒྱལ་མཚན་པ་དང། བསོད་ནམས་རྒྱལ་མཚན་སྐུ་མཆེད་གཉིས་འཁྲུངས། མདོར་ན་སྐུ་མཆེད་བཅུ་གཅིག་བྱོན། དེ་ལས་གྱེས་པ་སློབ་དཔོན་ཆེན་པོ་བསོད་ནམས་བཀྲ་ཤིས་པས། བྱང་པ་གུའི་གུང་ཆོས་གྲགས་དཔལ་གྱི་ལྕམ་མོ། མ་གཅིག་ནམ་པ་ལ། སློབ་དཔོན་ཆེན་པོ་བདེ་ལེགས་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་འཁྲུངས། བཞི་ཐོག་པ་བློ་གྲོས་རྒྱལ་མཚན་པས། ཆུ་མིག་མ་གཅིག་ལ་སྲས་ཀུན་