R873: དཔལ་ལྡན་ས་སྐྱ་པའི་འཁོན་གྱི་གདུང་རབས།

  • Pagination (Witness A): ༡༠ན
[A:༡༠ན]༄༅། །དགའ་དབང་ཕྱུག་རྒྱལ་མཚན་ད་ལྟ་བླ་བྲང་བཞི་ཐོག་གི་གདན་ས་ལ་བཞུགས་པ་འདི་ཡིན། དབང་རྣམ་སྲས་རྒྱལ་མཚན་པས། བཙུན་མོ་གཉིས་བཞེས་པའི། རྟ་ནག་པའི་མ་གཅིག་འབྲུག་གུ་མ་ལ། སློབ་དཔོན་ཆེན་པོ་ཀུན་དགའ་བློ་གྲོས་འཁྲུངས། བོ་དོང་དུ་ཆོས་རྗེ་བླ་མ་དམ་པའི་གདན་ས་ལ་བསྐོས། གཉིས་པ་མ་གཅི་གཡར་འབྲོག་མ་ལ། སློབ་དཔོན་ཆེན་པོ་ནམ་ལེགས་པ་འཁྲུངས་སོ། དགེ་བར་གྱུར།། ང་འཇམ་དབྱངས་བསོད་ནམས་རྒྱལ་མཚན་གྱིས། རྗེ་བཙུན་གྱིས་མཛད་པའི་གདུང་རབས།། དམ་པ་སྤྲེ་འཕོས་མཛད་པ། བླ་མ་དམ་པས་མཛད་པ། གཞན་ཡང་གཉིས་གསུམ་མཐོང་བ་རྣམས་དགུང་བསྒྲིགས་ནས་རྗེད་ཐོར་བྲིས་པ་ལགས་སོ།།