R873: དཔལ་ལྡན་ས་སྐྱ་པའི་འཁོན་གྱི་གདུང་རབས།

  • Pagination (Witness A): ༡བ
[A:༡བ]༄༅། །ཐུབ་པ་རིན་པོ་ཆེའི་རྒྱལ་ཚབ་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ། འཁོན་གྱི་གདུང་རྒྱུད་རིན་པོ་ཆེ་འདི་ཉིད། ཐོག་མར་ལྷ་ལས་བབས་པ་ཡིན་ཅེས་ཐོས་སྟེ། དེ་ལ་ཡང་གནམ་གྱི་ལྷ་མཆེད་གསུམ་བྱུང་པའི། ཆེ་བ་གནམ་ལྷ་སྤྱི་རིངས། བར་པ་གནམ་ལྷ་གཡུ་རིངས། ཆུང་བ་གནམ་ལ་དབུ་སེ་བྱ་བ། གསུམ་མི་ཡུལ་དུ་བབས་པ་ལ། རྗེ་ཞུས་པས། དབུ་སེ་བྱོན་ནས་མི་མཛད། དེ་ལ་སྲས་བཞི་བྱུང་པ་ལ། སེ་བྱི་ལི་ཡུན་བཞིར་གྲགས་སོ།། དེ་རྣམས་ཀྱིས་ལྡོང་རུས་ཆེན་བཅོ་བརྒྱད་དང་འཐབས་པའི་གྲོགས་ལ། གནམ་ལྷ་གཡུ་རིངས་བྱོན་ནས། ལྡོང་རུས་ཆེན་བཅོ་བརྒྱད་བཏུལ་ཏེ་བྲན་དུ་བྱས་སོ།། འཁོན་གྱི་གདུང་རྒྱུད་འདི་གང་ལས་འདོད་ན། གནམ་ལྷ་གཡུ་རིངས་གིས། དམུའི་བུ་མོ་དབུ་ས་ལྡེམ་བུ་ཁབ་ཏུ་བཞེས་པ་ལས་སྲས་བདུན་བྱུང་པ་ལ། དམུའི་ཚ་ཡུན་བདུན་དུ་གྲགས་སོ།། དེའི་གཅེན་པོ་དྲུག་ཡབ་དང་བཅས་པ་ལྷ་ཡུལ་དུ་གཤེགས། ཆུང་ཤོས་མ་སངས་ཀྱི་རྗེ་ལ། ཐོག་ལྷ་འོད་ཆེན་གྱི་བུ་མོ། ཐོག་ལྕམ་འུར་མོ་ཁབ་ཏུ་བཞེས་པའི་སྲས་ཐོག་ཚ་དཔའ་འོ་སྟག། དེས་ཀླུའི་བུ་མོ། ཀླུ་ལྕམ་གྲ་མ་ཁབ་ཏུ་བཞེས་པའི་སྲས། ཀླུ་ཚ་རྟ་པོ་འོད་ཆེན། དེས་མོ་ས་མཚོ་མོ་ཁབ་ཏུ་བཞེས་པའི་སྲས། གཡའ་དང་སྤང་གི་འཚམས་སུ་སྐྱེས་པས། མིང་ཡང་གཡའ་སྤང་