R875: དཔལ་ལྡན་ས་སྐྱ་པའི་གདུང་རབས་རགས་པ་དང་དཔོན་ཆེན་རིམ་པ་རྣམས་ཡོད།

  • Pagination (Witness A): ༦ན
[A:༦ན]༄༅། །དཔོན་ཆེན་ལ་བསྐོས། ཁང་གསར་ཆེན་མོ་བཏབ། ལྷ་ཁང་ཆེན་མོ་ལྕགས་རི་ཕྱི་ནང་བརྩིགས་ཤིང་ཆ་བྲངས་ནས་ཐོག་ལ་ཕུབ་པ་ལ་འདས། ནང་གཉེར་བྱས་པ་ཀུན་དགའ་བཟང་པོས་དཔོན་ཆེན་བྱས་ནས་རིན་ཆེན་སྒང་ལྷ་ཁང་བླ་བྲང་བཏབ། ལྷ་ཁང་དང་ལྕགས་མི་རྫོགས་པར་བྱས། ཀུན་དགའ་བཟང་པོས་ལས་ཁ་གཏད་ནས། དཔོན་ཆེན་ཞང་བཅུན། ཕྱུག་པོ་སྒང་དཀར་བ། བྱང་རིན་རྣམས་བླ་མའི་ཞལ་ཏས་རིམ་པར་བསྐོས། ཀུན་དགའ་བཟང་པོ་བླ་མ་མཉེས་ནས། སེ་ཆེན་གྱིས་ལུང་གིས་བསད། བྱང་རིན་གྱི་དུས་ན།། སེ་ཆེན་གྱི་ཐུགས་ལ་རྟགས་ནས་སྭོན་ཞི།སིའི་དམ་ཁ་དང་ཤེལ་གྱི་དམ་ཁ་གནང། དེ་ནས་དཔོན་ཆེན་ཀུ་གཞོན། དཔོན་ཆེན་ད་གཞོན་དབང། དེའི་རིང་ལ་དབྱེ་གསལ་ཆེན་མོ་བྱས། དབུས་གཙང་གི་ཁྲིམས་ཀྱི་བཞི་ཕལ་ཆེ་བ་བྱས། དེ་ནས་དཔོན་ཆེན་བྱང་རྡོར། དཔོན་ཆེན་ཨག་ལེན། འདིས་ས་སྐྱའི་ལྕགས་རི་ཕྱི་མ་དང། དཔོན་པོ་རིིའི་ལྕགས་རི་ཁང་གསར་གླིང་བྱས། འདི་གསུམ་གྱི་བར་ལ་འབྲི་ཁུང་པ་དང་འཐབས། དེ་ནས་དཔོན་ལེགས་པ་དཔལ། དཔོན་ཆེན་སེང་གེ་དཔལ།