R875: དཔལ་ལྡན་ས་སྐྱ་པའི་གདུང་རབས་རགས་པ་དང་དཔོན་ཆེན་རིམ་པ་རྣམས་ཡོད།

  • Pagination (Witness A): ༡བ
[A:༡བ] ལྷའི་གདུང་རབས། འཁོན་གྱི་གདུང་རབས། ས་སྐྱ་འཁོན་གྱི་གདུང་རབས་སོ། དང་པོ་ལྷའི་གདུང་རབས་ནི། དེ་ཡང་གནམ་གྱི་ལྷ་མཆེད་གསུམ་བྱུང་བའི། ཆེ་བ་གནམ་ལྷ་སྤྱི་རིངས། བར་པ་གཡུ་རིངས། ཆུང་བ་གནམ་ལྷ་དབུ་སེ་བྱ་བ་ཡིན་ནོ།། དེ་རྣམས་ལ་མི་རྗེ་ཞུས་པས། གནམ་ལྷ་དབུ་སེ་བྱོན་ནས་མི་རྗེ་མཛད། དེ་ལ་སྲས་བཞི་བྱུང་སྟེ། སེ་བྱི་ལེ་སྤུན་བཞིར་གྲགས། དེ་རྣམས་ཀྱིས་ལྡོང་རུས་ཆེན་བཅོ་བརྒྱད་དང་འཐབ་པའི་གྲོགས་ལ། གནམ་ལྷ་གཡུ་རིངས་བྱོན། ལྡོང་རུས་ཆེན་བཅོ་བརྒྱད་བཏུལ་ནས་བྲན་དུ་བྱས། དེ་ནས་གནམ་ལྷ་གཡུ་རིངས་ཀྱི་དམུའི་བུ་མོ་དམུ་ས་ལྡོག་བུ་ཁབ་ཏུ་བཞེས་པ་ལས་སྲས་བདུན་བྱུང་བ་ལ། མ་སངས་སྤུན་བདུན་དུ་གྲགས། དེའི་གཅེན་དྲུག་ཡབ་དང་བཅས་པ་ལྷ་ཡུལ་དུ་གཤེགས། ཆུང་ཤོས་མ་སངས་སྤྱི་རྗེ་ཞེས་བྱ་བས། ཐོག་ལ་འོད་ཆེན་གྱི་བུ་མོ་ཐོག་ལྕམ་འུར་མོ་ཁབ་ཏུ་བཞེས་པའི་སྲས་ཐོག་ཚ་དཔའ་བོ་སྟག། དེས་ཀླུའི་བུ་མོ་ཀླུ་ལྕམ་བྲ་མ་ཁབ་ཏུ་བཞེས་པའི་སྲས་ཀླུ་ཚ་རྟ་པོ་འོད་ཅན། དེས་མོན་ཟ་མཚོ་མོ་རྒྱལ་ཁབ་ཏུ་བཞེས་པའི་སྲས་གཡའ་དང་སྤང་གི་མཚམས་སུ་སྐྱེས་པས། མིང་གཡའ་སྤང་སྐྱེས་སུ་བཏགས་སོ། དེ་རྣམས་ལ་ལྷའི་གདུང་རབས་ལྔ་ཟེར་རོ།། གཉིས་པ་འཁོན་གྱི་གདུང་རབས་ནི། གཡའ་སྤང་སྐྱེས་ཀྱིས་སྲིན་པོ་སྐྱ་རེངས་ཁྲག་མེད་བསད། དེའི་ཆུང་མ་གཡའ་འབྲུམ་སི་ལེ་མ་འཕྲོགས་ནས་ཁབ་ཏུ་བཞེས་པ་ལ་སྲས་གཅིག་སྐྱེས་པ་ནི་སྲིན་པོ་དང། འཁོན་པའི་བར་དུ་བྱུང་བས། མིང་ཡང་འཁོན་བར་སྐྱེས་སུ་བཏགས། དེ་ཕྱིན་ཆད་འཁོན་ཞེས་གྲགས་སོ། དེས་བཙན་ཟ་ལྕམ་བུ་སྨོན་ཁབ་ཏུ་བཞེས་པ་ལས་སྲས་གཅིག་འཁྲུངས་པ་དེ་མཐུ་དང་རྫུ་འཕྲུལ་ཆེ་བ། མཐོང་བ་ཙམ་གྱི་ཡིད་འཕྲོག་པ་གཅིག་བྱུང་བས་འདི་འདྲ་མི་ཡུལ་དུ་དཀོན་ཟེར་ནས་དཀོན་པ་རྗེ་གུང་སྟགས་སོ།། ཁྱེའུ་དེ་ཡབ་ཀྱི་ཡུལ་གང་བཟང་ལྟར་སྣང་བས། ལ་སྟོད་གཉན་རྩེ་ཐར་གྱི་ཡང་བཅངས་ལ། ཡུལ་གྱི་དགེ་བརྒྱད་ཚར་བར་མཐོང་སྟེ་ཡུལ་དེ་བཟུངས། དཀོན་པ་རྗེ་གུང་སྟག་འདི་བློ་གྲོས་ཆེ་ཞིང་འཇིག་རྟེན་གྱི་བྱ་བ་ལ་མཁས་པས། རྒྱལ་པོའི་ནང་རྗེ་བ་ཡུན་རིང་དུ་བྱས་པའི་དུས་ན། འཁོན་དཔལ་པོ་ཆེ་ཞེས་གྲགས་སོ།། དེས་གླང་ཁམ་ལོ་ཙཱ་བཀོད་ལྕམ་མོ། བླ་ཟ་ནེ་ཆུང་མ་བྱ་བ་ཁབ་ཏུ་བཞེས་པ་ལ་སྲས་བཞི་བྱུང་བའི་